ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་37371ཟིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-12   རྩོམ་ཁུངས།    མི་དམངས་དྲ་བ།

        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་37371ཟིན་ཡོད་ཅེས་བརྗོད་པ།

        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་11ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པར་གཞིགས་ན། ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་37371ཟིན་ཡོད།

        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པར་གཞིགས་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་11ཉིན་གྱི་ཆུ་ཚོད་10བར(པེ་ཅིང་གི་དུས་ཚོད་ཚེས་11ཉིན་གྱི་ཆུ་ཚོད་17བར)ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཉིན་གོང་མ་ལས4596མང་དུ་ཕྱིན་ནས་ནད་དཔེ37371ཟིན་པ་དང་། ཀྲུང་གོ་ཕུད་པའི་ཚེ་འདས་ནད་དཔེ་ཉིན་གོང་མ་ལས་258མང་དུ་ཕྱིན་ནས་1130ཟིན་ཡོད།

        གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་བའི་ནད་དཔེ་ནི་ཉིན་གོང་མ་ལས་ནད་དཔེ་4627མང་དུ་ཕྱིན་ནས་ནད་དཔེ་118326ཟིན་པ་དང་། ཚེ་འདས་ནད་དཔེ་ཉིན་གོང་མ་ལས་280མང་དུ་ཕྱིན་ནས་4292ཟིན་ཡོད།