སེམས་ཀྱི་ཉི་ཟླའི་ཁྱད་ཆོས་ལྡན་པའི་རས་ཀྱི་འདྲ་གཟུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྡོ་མཁར་རྫོང་དུ་ལྷིང་འཇགས་ཀྱི་དཔེ་ཁང་། ཁ་ཧྥེ་ཁང་། ཐང་ག་ཉམས་ལེན་ཁང་སོགས་ཚོང་ཁང་འདྲ་མིན་སྣ་ཚོགས་ཡོད་ལ།  དེའི་ཁྲོད་དུ་དམིགས་བསལ་ཆེ་བ་ནི་སེམས་ཀྱི་ཉི་ཟླའི་གཞི་རྒྱུ་ཁེངས་པའི་ལག་ཤེས་རས་ཀྱི་འདྲ་གཟུགས་ཚོང་ཁང་དེ་ཡིན།

        ཚོང་ཁང་དེ་དག་གི་རས་ཀྱི་འདྲ་གཟུགས་ནི་ཚང་མ་བོད་ཡུལ་གྱི་གཞི་རྒྱུ་ལེན་པ་ཡིན་ལ།  ཧི་མ་ལ་ཡའི་གཡང་དཀར་ལུག་དང་སེམས་ཀྱི་ཉི་ཟླ་འབྲོག་ཁྱི། ཇ་རྟ་འདྲེན་ལམ་ཐོག་གི་རྟ། དེ་མིན་སེམས་ཀྱི་ཉི་ཟླའི་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་འདྲ་གཟུགས་སོགས་ཚོན་མདངས་བཀྲ་བ་དང་བཟོ་དབྱིབས་ངོ་མཚར་བས་ཡུལ་སྐོར་བ་མང་པོའི་མིག་དབང་བཀུག་ཡོད།  ཞིབ་ཚགས་ལྟ་ན་འདྲ་གཟུགས་ཚང་མ་རས་མང་པོ་ཞིག་གིས་མཐུད་སྦྱོར་བྱས་པ་དང་ལག་པས་བཟོས་པའི་ཁབ་སྐུད་ཕྲ་ཞིང་ཞིབ་པ།

        འདྲ་གཟུགས་དེ་དག་གི་ཁྲོད་དུ་ཁྱད་ཆོས་ཆེ་ཤོས་ནི་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་བོད་རིགས་ཀྱི་འདྲ་གཟུགས་དེ་དག་ཡིན་ལ། འདྲ་གཟུགས་དེ་དག་ལ་ས་གནས་དེ་གའི་བོད་ཀྱི་གོས་རྒྱན་སྤྲད་པ་དང་། ཚང་མས་ལག་པ་གཉིས་ཀ་བརྐྱངས་པ་དང་ངོ་ལ་འཛུམ་མདངས་བཞིན་ཡོད་པས་ཡུལ་སྐོར་བ་རྣམས་ལ་དགའ་བསུ་བྱེད་བཞིན་པའི་རྣམ་པ་ཆགས་ཡོད།

        གྲགས་པ་སྐལ་ལྡན་གྱིས་མིག་སྔར་སེམས་ཀྱི་ཉི་ཟླར་བུད་མེད་30ལྷག་གིས་འདྲ་གཟུགས་འདི་འཚེམ་ཡོད་པ་དང་རིགས་སྣ་མང་པོ་ཡོད། ཁོས་ནམ་རྒྱུན་རང་གིས་དངུལ་བཏོན་ནས་གསོ་སྐྱོང་སྦྱོང་བརྡར་སྤེལ་ནས་བུད་མེད་ཚོ་ལ་འདྲ་གཟུགས་འཚེམ་པའི་ལག་རྩལ་བསླབས་པ་དང་།  བུད་མེད་ཚོས་ཉིན་དཀར་ལས་ཀ་བྱེད་པ་དང་དགོང་མོའམ་ཞིང་ལས་དལ་དུས་ཁྱིམ་དུ་འདྲ་གཟུགས་འཚེམ་ནས་ཁྱིམ་སྤྱོད་ཁ་གསབ་བྱས་པ་རེད་ཞེས་ཟེར།

        བོད་ཀྱི་གཞི་རྒྱུ་ཁེངས་པའི་རས་ཀྱི་འདྲ་གཟུགས་འདི་དག་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ཀྱང་།  མིག་སྔར་ལག་པས་འཚེམ་དགོས་པ་དང་ཐོན་ཚད་ཆེན་པོ་མེད་པས་གཙོ་བོ་སེམས་ཀྱི་ཉི་ཟླ་ནས་འཚོང་གི་ཡོད་པ་རེད།