གྲགས་པ་སྐལ་ལྡན་དང་ནོར་ལྷ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གྲགས་པ་སྐལ་ལྡན་ནི་སེམས་ཀྱི་ཉི་ཟླའི་མི་ཡིན་ལ།   ཁོས་རང་ཁྱིམ་གྱི་ཐོག་བརྩེགས་གསུམ་ཅན་གྱི་ཐོག་ཁང་ཞིག་ཡང་བསྐྱར་སྒྲིག་བཟོ་ཇུས་འགོད་བྱས་ནས་ནོར་ལྷའི་བཟོ་གྲྭ་བཟོས་བ་དང་།བཟོ་གྲྭ་དེ་གའི་གྱོན་ཆས་དང་སྐེ་དཀྲིས། རྒྱན་ཆ། ས་གདན་ཚང་མ་ནོར་ཁུལ་གྱིས་བཟོས་པ་རེད།ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་དང་བཟོ་ལྟ་མེད་མོད། འོན་ཀྱང་དམིགས་བསལ་གྱི་རྒྱུ་ཆ་དང་།སྟབས་བདེའི་རྣམ་པའི་དྲས་གཏུབ་ཇུས་འགོད་ཀྱི་སྒོ་ནས་བཟོ་གྲྭ་དེ་གཞན་དང་མི་འདྲ་བར་གྱུར་ཡོད།

         གྲགས་པ་སྐལ་ལྡན་གྱིས་ཉེ་བའི་ལོ་ཤས་རིང་། ནོར་ལྷའི་བཟོ་གྲྭ་ཡིས་མཚོ་བོད་ས་མཐོར་གཞི་ཚུགས་ནས་སྡེ་ཁུལ་གྱི་རྣམ་གྲངས་ཡག་པོ་ཞིག་ཏུ་རིམ་བཞིན་འཕེལ་རྒྱས་བཏང་སྟེ་ས་གནས་དེ་གའི་བོད་རིགས་ལ་ལས་ཞུགས་ཀྱི་གོ་སྐབས་མང་པོ་མཁོ་འདོན་བྱས་ཡོད་པ་དང་།ལག་ཤེས་འཁལ་འཐག་ལག་རྩལ་དང་དྲ་དྲས་ནས་དོ་དམ། ཁྲོམ་རའི་དྲིལ་བསྒྲགས། བྲིན་ཚོང་སོགས་ཁྱབ་ཁོངས་སུ་ས་གནས་དེ་གའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད་ཞེས་ཟེར།

        ལོ་ལྟར་ཡོ་རོབ་དང་ཨ་རིའི་སྒྱུ་རྩལ་པ་དང་ཇུས་འགོད་པ་མང་པོ་ཞིག་བཟོ་གྲྭ་ནང་ཡོང་གི་ཡོད་པ་དང་།  ཁོ་ཚོས་ས་གནས་དེ་ག་སྡེ་ཁུལ་གྱི་སྒྱུ་རྩལ་བྱེད་སྒོ་སྤེལ་སའི་གནས་གཞིར་བྱས་ཏེ་ནོར་ལྷའི་བཟོ་གྲྭར་འཚོ་བ་རོལ་མྱོང་བྱེད་དུ་ཡོང་ནས་ས་གནས་དེ་གའི་མི་དང་མཉམ་ཟ་མཉམ་སྡོད་བྱས།བོད་ཀྱི་གཞི་རྒྱུ་ལ་གཞིགས་ནས་ཨ་རི་དང་འགྲན་པའི་རྒྱལ་སྤྱིའི་སྤུས་རྟགས་ཇུས་འགོད་བྱས་པ་དེས་ནོར་ལྷའི་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་བསྣན་ནས་ནོར་ལྷ་རྒྱལ་སྤྱིའི་ཁྲོམ་རར་ཞུགས་རྒྱུར་རོགས་རམ་བྱས་ཡོད།

        དུས་ཚོད་ཐུང་ངུ་ཞིག་ཏུ་ནོར་ལྷས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་མི་མང་པོ་བཀུག་ཡོད་ལ།པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲུའུ།ཧྲེན་ཀྲིན་སོགས་ཀྱི་མི་ཚོགས་མ་གཏོགས་ཡོ་རོབ་དང་ཨ་རིའི་ཡུལ་སྐོར་བའང་དེ་ལ་དགའ་ཞེན་ཆེན་པོ་ཡོད་རེད་ཞེས་གྲགས་པ་སྐལ་ལྡན་གྱིས་འཛུམ་དམུལ་དམུལ་ངང་བཤད།