ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཨར་ལས་སླར་གསོ་བྱེད་མགོ་རྩོམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་ས་ཚིགས་ཀྱི་ཨར་ལས་སླར་གསོ་བྱེད་མགོ་རྩོམ་པ་དང་།རྣམ་གྲངས་ཧྲིལ་པོའི་དུམ་མཚམས་ཁག་ཀྱང་རིམ་བཞིན་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་སླར་གསོ་བྱ་རྒྱུ།  རང་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ཡི་བླང་བྱ་ལྟར།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་རྣམ་གྲངས་དུམ་མཚམས་ཁག་གིས་ནན་ཏན་ངང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་ཡག་པོ་བསྒྲུབ་སྟེ།ཐོན་སྐྱེད་དང་རིམས་འགོག་གཉིས་ཀ་འཐུས་ཤོར་མི་འགྲོ་བར་བྱེད་པ་དང་རྣམ་གྲངས་ཧྲིལ་པོ་དུས་ལྟར་ལེགས་གྲུབ་བྱུང་བར་འགན་ལེན་བྱེད་པ་རེད།

        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་ས་ཚིགས་ཀྱི་ཨར་ལས་ཡུལ་དངོས་སུ།འཕྲུལ་ཆས་ཆེ་ཆུང་ཁག་གིས་ཛ་དྲག་ཆེ་བའི་ངང་ལས་ཀ་བྱེད་བཞིན་པ་དང་། ཨར་ལས་ལས་ཁུངས་ཀྱིས་ཡུན་ནན་རིམས་འགོག་ཞེས་པའི་སྐད་འཕྲིན་གྱི་གོ་རིམ་ཆུང་བའི་མ་ལག་བཙུགས་ཏེ།འཚོ་བའི་ཁུལ་སོ་སོ་དང་ཨར་ལས་ཡུལ་དངོས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་མངོན་གསལ་དོད་སར་རྩ་གཉིས་ཨང་རྟགས་སྦྱར་ནས་འགྲོ་འོང་བྱེད་སྐབས་ངེས་པར་དུ་གཤེར་དགོས།  ལས་བྱེད་མི་སྣ་ཡོངས་ལ་ཁ་རས་སྤྲད་པ་དང་ཁེ་ལས་ཀྱིས་ད་དུང་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་ལས་གནས་སུ་ལོག་མཁན་ལ་རིམས་ནད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་བཅུག་པ་དང་།  ལས་ཀ་བྱེད་སར་མ་སོང་གོང་ཚང་མར་ལུས་དྲོད་བརྟག་དཔྱད་བྱེད་དགོས་ལ།ལུས་དྲོད་རྒྱུན་ལྡན་ཡིན་ན་ད་གཟོད་ལས་ཀ་བྱེད་ཐུབ་པ་དང་། ཐོན་སྐྱེད་དང་འཚོ་བའི་ས་ཁུལ་དུ་ཉིན་རེར་དུས་ལྟར་དུག་སེལ་བྱས་པ་རེད།

        རྣམ་གྲངས་པུས་མི་སྣ་གཅིག་སྡུད་ཀྱིས་ལས་ཀ་མི་བྱེད་པའི་རྣམ་པ་གསར་པ་སྤྱད་དེ་ལས་བྱེད་པས་ཉལ་ཁང་ནང་ལས་ཀ་བྱེད་ཆོག་པ་དང་།  ལས་ཡུལ་གྱི་ཟ་ཁང་གིས་སྲོལ་རྒྱུན་གཅིག་སྡུད་ཀྱིས་ཟས་ཟ་རྒྱུ་དེ་ཁག་བགོས་ནས་ཟས་ཟ་རྒྱུའི་རྣམ་པར་བསྒྱུར་ནས་མི་སྣ་འབྲེལ་གཏུག་བྱ་རྒྱུ་ཉུང་དུ་བཏང་ཡོད།ལས་གནས་སུ་ལོག་མཁན་ལ་ཨར་ལས་ལས་ཁུངས་ཀྱིས་དོ་དམ་ཏན་ཏིག་བྱས་ཏེ་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་ཉིན་རེར་ལུས་དྲོད་བརྟག་དཔྱད་ཐེངས་རེ་བྱས་པ་དང་གཅིག་གྱུར་གྱིས་ཐོ་གཞུང་བཟོ་ལ།ལས་གནས་སུ་ལོག་མཁན་ཡོངས་ཀྱི་ལས་ཀ་དང་འཚོ་བ་ཚང་མ་རྣམ་གྲངས་པུའི་གཅིག་གྱུར་དོ་དམ་ནང་བཅུག་པར་འགན་ལེན་བྱས་པ་དང་རང་དགར་ཕྱིར་བསྐྱོད་རྒྱུ་གཏན་འགོག་བྱེད་པ།ལས་བྱེད་མི་སྣ་ཕྱིར་སྐྱོད་དགོས་ཚེ་སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་མི་སྤྱོད་པར་སྒེར་འཁོར་རམ་ཡང་ན་རྐང་ཐང་གིས་ཚབ་བྱེད་གང་ཐུབ་བྱས་པ་རེད།