རིམས་འགོག་སྐོར་གྱི་བཅའ་ཁྲིམས་གཉིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-28   རྩོམ་ཁུངས།    མི་དམངས་དྲ་བ།

༄༅༎《རིམས་ནད་འགོག་སེལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་གཉིས་གྲངས་ཉུང་མི་རིགས་བདུན་གྱི་ཡི་གེའི་ལམ་ནས་ཆ་ཚང་སྤེལ་བ།

        མི་དམངས་དྲ་བ་པེ་ཅིང་ནས་ཟླ་2ཚེས་27ཉིན་གློག་འཕྲིན་འབྱོར་གསལ། 《རིམས་ནད་འགོག་སེལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》(2013)དང་《བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》(2018)གཉིས་པོ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་གྲངས་ཉུང་མི་རིགས་བདུན་གྱི་ཡི་གེ་ལ་བསྒྱུར་ཚར་ཡོད་པ་དང་། མི་དམངས་དྲ་བའི་གྲངས་ཉུང་མི་རིགས་ཡི་གེའི་དྲ་ཚིགས་བརྒྱུད་ནས་ཡོངས་སུ་སྤེལ་རྒྱུ་རེད།

        ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱ་ཆེད། ཉེ་ཆར་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ལས་སྒོའི་རྐང་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ་སོག་པོ་དང་། བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁྲའོ་ཞན་རིགས། དབྱིས་རིགས། ཀྲོང་རིགས་སོགས་སྐད་རིགས་བདུན་གྱི་ཐོག་ནས་ 《རིམས་ནད་འགོག་སེལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》(2013)དང་《བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》(2018)བཅའ་ཁྲིམས་གཉིས་ཡིག་སྒྱུར་ཞིབ་བཤེར་གཏན་འབེབས་བྱས་པ་རེད། 

    རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་ཚིགས་ཁྲོད་ཏང་གི་འཐུས་མི་ཚོགས་ཆེན་དང་། མི་དམངས་འཐུས་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཙོ་བོ་བདུན་ཡོངས་སུ་ཁྱབ་པའི་དྲ་ཚིགས་ཐོག་མ་དེ་ཡིན་པའི་ངོས་ནས། མི་དམངས་དྲ་བའི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་PCམཐུད་སྣེ་དང་སྒུལ་བདེའི་མཐུད་སྣེའི་དྲ་ངོས་དང་དེ་བཞིན་སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ། གོང་གསལ་གྱི་བཅའ་ཁྲིམས་ཁག་གཉིས་འོས་སྦྱོར་བྱས་ནས་རྒྱ་ཆེའི་དྲ་གྲོགས་ཚོས་དུས་ཐོག་ཏུ་ལྟ་ཀློག་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།