སེམས་ཀྱི་ཉི་ཟླའི་ཁ་བའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ་2ཚེས་པའི་27ཉིན། བདེ་ཆེན་མཐོ་སྒང་དུ་སླར་ཡང་ཁ་བ་ཆེན་པོ་ཞིག་བསུས་བྱུང་ལ།  དཔྱིད་ཀའི་རྨོ་འདེབས་ཀྱི་ལས་ལ་བྲེལ་བཞིན་པའི་ཞིང་བ་མང་ཚོགས་ལ་མཚོན་ན་འདི་ནི་ས་གཞིར་བརླན་བཤེར་རྒྱས། བརླན་ལ་མྱུ་གུ་འབུས་པའི་གནམ་གཤིས་ཡག་པོ་ཞིག་ཡིན་པ་བཤད་མ་དགོས་ལ། རིམས་ནད་ཀྱིས་མི་སེམས་འཁྲུག་པའི་དུས་འདིར་དག་གཙང་སླད་མེད་ཀྱི་ཁ་བ་ཐེངས་ཤིག་བབས་ན་ས་ཡི་རྡུལ་དག དུག་གི་མགོ་མནན་པའི་སྣང་བ་ཞིག་ཡོད་དེ། དེ་ཡང་སེམས་གསོ་ཐེངས་ཤིག་ཡིན་པ་རེད།