བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཞིང་ཆེན་ཡོངས་ཀྱི་སྔོན་ལ་སླེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2019ལོར།  བདེ་ཆེན་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་བརྟན་ཐོག་ཡར་འཕེལ་བྱུང་བ། དཔལ་འབྱོར་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཁུལ་(གྲོང་ཁྱེར་)16དང་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུའི་ཨང་དང་པོར་སླེབས་ཡོད།


        2019ལོར། རིམ་རྩིས་བྱས་ན་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་251.2ལེགས་གྲུབ་བྱུང་སྟེ་ན་ནིང་གི་དུས་མཚུངས་ལས་11.6%འཕར་ཡོད་ལ།  འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཁུལ་(གྲོང་ཁྱེར་)བཅུ་དྲུག་དང་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུའི་ཨང་དང་པོར་སླེབས་ཡོད། དེའི་ཁྲོད་དུ་ཐོན་ལས་དང་པོར་འཕར་ཐང་སྒོར་དུང་ཕྱུར་15.45ལེགས་གྲུབ་བྱུང་སྟེ་ན་ནིང་གི་དུས་མཚུངས་ལས་5.5%འཕར་ཡོད།  ཐོན་ལས་གཉིས་པར་འཕར་ཐང་སྒོར་དུང་ཕྱུར་95.28ལེགས་གྲུབ་བྱུང་སྟེ་ན་ནིང་གི་དུས་མཚུངས་ལས་19.8%འཕར་ཡོད་ལ། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཁུལ་(གྲོང་ཁྱེར་)བཅུ་དྲུག་གི་ཨང་གཉིས་པར་སླེབས་པ་དང་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུའི་ཨང་དང་པོར་སླེབས། ཐོན་ལས་གསུམ་པར་འཕར་ཐང་སྒོར་དུང་ཕྱུར་140.47ལེགས་གྲུབ་བྱུང་སྟེ་ན་ནིང་གི་དུས་མཚུངས་ལས་6.6%འཕར་བ།