སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལས་བྱེད་པ་སུམ་བརྒྱ་སྡོད་ཁུལ་དུ་སོང་ནས་ཚགས་བཤེར་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྡེ་ཚན་ཁག་གི་ལས་བྱེད་པ་དང་ལས་བཟོ་323ཚོ་ཆུང་44ལ་བགོས་ནས་གྲོང་ཁྱེར་ཡོངས་ཀྱི་ཁུལ་ཆུང་129ལ་དུད་ཚང་དུ་ཚགས་བཤེར་ཐོ་འགོད་བྱས་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་5ཉིན་ནས་བཟུང་། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་། གུང་གཞོན་སྡེ་ཚོགས་སེམས་ཀྱི་ཉི་ཟླ་གྲོང་ཨུ། བཟོ་ཚོགས། གྲོང་ཁྱེར་ཏང་སྲིད་ལས་ཁུངས་བཅས་ཀྱིས་ལས་དོན་མི་སྣ་སྐོང་འཐེན་བྱས་ནས་གཙོ་གནད་གྲོང་མིའི་ཁུལ་ཆུང་ཁག་གཅིག་ལ་རིམ་བཞིན་ཚགས་བཤེར་ཐོ་འགོད་བྱས་པ་རེད། ཚེས་11ཉིན་གྲལ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གཞི་གྲངས་མཐིལ་རྟོགས་དང་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱ་ཆེད། གྲོང་ཁྱེར་དེས་ཚགས་བཤེར་སྟོབས་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་།      གྲོང་ཁྱེར་ནགས་རྩྭ་ཅུས། གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་སོགས་སྡེ་ཚན་ནས་ལས་དོན་མི་སྣ་200ལྷག་ཙམ་སླར་ཡང་སྐོང་འཐེན་བྱས་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་ཁུལ་ཆུང་129ལ་ཧུའུ་པེ་ནས་ཡིན་པའི་འབྲེལ་གཏུག་ལོ་རྒྱུས་ཡོད་པ་དང་ཀྲོའུ་ཕྱིར་ཕ་ཡུལ་དུ་ལོག་མཁན་སློབ་ཆེན་སློབ་མ་དང་། ལས་ཀ་བྱེད་མཁན། ཡུལ་སྐོར། གཉེན་ཉེ་ཐུག་འཕྲད་དུ་འགྲོ་མཁན་སོགས་གཙོ་གནད་མི་སྣར་ཚགས་བཤེར་ཐོ་འགོད་བྱས་ཏེ“ནང་ཁུལ་ཚོད་འཛིན་+ཕྱི་སྲུང”མཉམ་དུ་སྤྱོད་པ་དང་འགོག་སྲུང་འཛིང་རགས་གཉིས་མཉམ་དུ་སྲུང་ཐུབ་པ་བྱས་ཡོད། 

    དྲ་མིག་ཅན་དང་ཁྱོན་ཡོངས་ལ་ཁྱབ་པའི་དོ་དམ་བྱེད་ཐབས་སྤྱད་དེ་ཁུལ་ཆུང་དུ་རིམས་ནད་ཀྱི་ཆ་འཕྲིན་སྙན་ཞུ་དང་བསྡུ་རུབ་ཞིབ་བསྡུར་ལམ་ལུགས་འཐུས་ཚང་དུ་བཏང་ལ། ཚོགས་ཆུང་ཁག་གིས་མི་སྣ་ཡོངས་ཀྱིས་མཉམ་དུ་སྔོན་འགོག་ཚོད་འཛིན་བྱེད་པ་དང་། དོ་དམ་ནན་པོ་བྱེད་པ། འགག་སྒོ་ཚང་མ་དམ་འཛིན་བྱེད་པ། ལྷུ་ཚིགས་ཚང་མར་དམ་འཛིན་བྱེད་པ་བཅསསྔོན་འགོག་ཚོད་འཛིན་བྱས།