བདེ་ཆེན་གྱིས་འགན་ལེན་གསུམ་དང་ཞབས་ཞུ་གསུམ་བྱས་ནས་སྔོན་འགོག་ཚད་འཛིན་ལ་རོགས་རམ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་ཁུལ་གྱིས་ཉེ་སྔོན་དུ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀའི་དོན་ཚན་29ཞེས་པ་གཏོང་བ་དང་།  དེའི་ཁྲོད་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་འགན་ལེན་གསུམ་དང་ཞབས་ཞུ་གསུམ་བྱེད་ཐུབ་དགོས་པ་དང་། ཁུལ་ཡོངས་ཀྱི་འཕྲིན་གཏོང་དང་། གློག་ཤུགས། ཕྱིར་སྐྱོད་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བླང་བྱ་ནན་པོ་བཏོན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་སྟེ་ནུས་ཤུགས་ཡོད་རྒུས་འགན་ལེན་གསུམ་དང་ཞབས་ཞུ་གསུམ་བྱེད་ཐུབ་དགོས་ལ། རང་ཁུལ་གྱིས་ཕྱོགས་ཡོངས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྒྱལ་ཁ་ཐོབ་པ་ལ་མྱུར་ཚད་མགྱོགས་སུ་གཏོང་དགོས་ཞེས་གསལ་པོར་བསྟན་ཡོད།

འཕྲིན་གཏོང་བདེ་བགྲོད་ཡིན་པར་འགན་ལེན་བྱས་ནས་མང་ཚོགས་ཀྱིས་ཆ་འཕྲིན་ལེན་པར་ཞབས་ཞུ་བྱེད་པ།    ཀྲུང་གོ་སྤོ་སྒུལ་དང་། ལན་ཐུང་། གློག་འཕྲིན་ཡུན་ནན་ཀུང་སི་བདེ་ཆེན་ཡན་ལག་ཀུང་སིས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ས་ཁོངས་ཀྱི་འཕྲིན་གཏོང་ཆ་འཕྲིན་ཞབས་ཞུ་ཤར་བགྲོད་ཡིན་པར་འགན་ལེན་བྱེད་དེ། གཅིག་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མི་སྣའི་མིང་ཐོ་དམར་པོའི་འཕྲིན་གཏོང་ལ་འགན་ལེན་བྱེད་པ་དང་གཉིས་ནི་ཁུལ་ཡོངས་ཀྱི་འཕྲོད་བསྟེན་མ་ལག་གི་དྲ་བའི་འཕྲིན་གཏོང་ལ་འགན་ལེན་བྱེད་དགོས།

    གློག་ཤུགས་མཁོ་འདོན་འགན་ལེན་བྱས་ནས་འཕྲལ་བསྟུན་འགན་སྲུང་དགོས་མཁོ་ལ་ཞབས་ཞུ་བྱེད་པ།  བདེ་ཆེན་གློག་འདོན་ཅུས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འབེབས་བྱེད་པའི་བདེ་ཆེན་ཁུལ་གྱི་ཏོག་གསར་གློ་ཚད་ཀྱི་སྨན་བཅོས་གཏན་འཁེལ་སྨན་ཁང་དང་ཁུལ།  རྫོང་རིམ་པ་གཉིས་ཀྱི་རིམས་ནད་ཚོད་འཛིན་དང་སྔོན་འགོག་ལྟེ་གནས། ཉར་འཇོག་མགྲོན་ཁང་བཅས་གཙོ་གནད་ཁུལ་དུ་བྱས་ནས་གློག་ཤུགས་མཁོ་འདོན་འགན་ལེན་གྱི་ལས་ཀ་སྤེལ་བ།  དུས་མཚུངས་སུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། གནམ་གྲུ་ཐང་། རྒྱང་བསྒྲགས་བརྙན་འཕྲིན་ཁང་སོགས་སུ་གློག་སྤྱོད་ཞིབ་བཤེར་བྱས་པ་དང་། སྤྱོད་མཁན་གྱིས་དུས་བཀག་ལྟར་གློག་ཁུངས་ལ་སྲུང་སྐྱོང་དང་དོ་དམ་བྱེད་པར་མཛུབ་སྟོན་བྱས་པ་དང་དམིགས་བསལ་སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་མཐུད་ངང་གློག་ཤུགས་མཁོ་འདོན་བྱེད་པར་འགན་ལེན་བྱེད་པ།

    ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱས་ནས་བདེ་ཆེན་དུ་ལུས་ཡོད་པའི་ཡུལ་སྐོར་བ་ལ་ཞབས་ཞུ་བྱེད་པ། ཞིང་ཆེན་ནང་ཁོངས་སུ་ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་སོགས་སྡེ་ཚན་གྱིས་བདེ་ཆེན་དུ་ལུས་པའི་ཡུལ་སྐོར་བ་དག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐང་ཞང་ཅཱ་ཞོའུ་དང་ཀེ་ལིན་ཧའོ་ཐའེ་སོགས་མགྲོན་ཁང་དུ་བཀོད་སྒྲིག་བྱས་པ་མ་ཟད། མགྲོན་ཁང་རེར་སྨན་དོན་མི་སྣ་3རེར་བཀོད་སྒྲིག་བྱས་ནས་ལས་རེས་བྱས་ཡོད་དེ། ཡུལ་སྐོར་བ་རྣམས་ལ་ཞིབ་དཔྱད་ཚད་ལེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པ།དེ་མིན་མགྲོན་ཁང་གི་ལས་བྱེད་མི་སྣ་ལ་གསོ་སྐྱོང་སྦྱོང་བརྡར་བྱས་ཏེ་དུས་བཀག་ལྟར་མགྲོན་ཁང་གི་ཚོམས་ཆེན་དང་གློག་སྐས། བར་ཁྱམས་སོགས་སུ་དུག་སེལ་བྱས་པ་རེད།