བདེ་ཆེན་གྱིས་འཐབ་ས་དང་པོའི་སྨན་པར་རིན་མེད་ཡུལ་སྐོར་གྱི་ལག་རྟགས་ཆེན་པོ་སྤྲད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཟླ2པའི་ཚེས་14ཉིན། ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས།ཁུལ་ཡུལ་སྐོར་མཉམ་འབྲེལ་ལྷན་ཚོགས། ཁུལ་ཡུལ་སྐོར་ཚོགས་པ་བཅས་ཀྱིས་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེན་དུ་ཝུའུ་ཧན་ལ་བརྩེ་སེམས་ཕུལ་བའི་ཞལ་འདེབས་བྱེད་སྒོ་སྤེལ་ནས། རང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ལས་ཁུངས་55ཡིས་ཁྱོན་བསྡོམས་སྒོར་ཁྲི་72ཞལ་འདེབས་ཕུལ་བ་དང་། རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོའི་སྨན་དོན་མི་སྣ་ལ་རིན་མེད་ཡུལ་སྐོར་གྱི་ལག་རྟགས་ཆེན་པོ་སྤྲད་རྒྱུ་ཐག་བཅད་པ་རེད།

    ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དང་ཁུལ་ཡུལ་སྐོར་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐུལ་སློང་དང་གྲོས་འགོ་བརྒྱུད་ནས་རིམས་ནད་མཇུག་བསྒྲིལ་རྗེས་ལྗོངས་ཁུལ་དག་ལས་གཉེར་སླར་གསོ་བྱས་པ་ནས་2020ལོའི་ཟླ་12པའི་ཚེས་31ཉིན་གྱི་བར་དུ། བདེ་ཆེན་ཁུལ་ནང་ཁོངས་ཀྱི་Aརིམ་པའི་ལྗོངས་ཁུལ་ཡོད་ཚད་ཀྱིས་ཧུའུ་པེ་ནང་ཁུལ་གྱི་སྨན་བཅོས་ལས་ཁུངས་ཁག་གི་སྨན་དོན་མི་སྣ་དང་རྒྱལ་ཡོངས་ས་གནས་ཁག་གིས་ཧུའུ་པེར་རོགས་སྐྱོར་ནང་ཞུགས་པའི་སྨན་དོན་མི་སྣ་དག་ལ་རིན་མེད་ངང་སྒོ་འབྱེད་(གོ་ཆོད་ལག་ཁྱེར་འཛིན་དགོས)རྒྱུ་ཡིན་པ་དང་། དུས་མཚུངས་སུ་ད་དུང་བདེ་ཆེན་ཁུལ་ནང་ཁོངས་ཀྱི་མགྲོན་ཁང་ལ་ཞག་མ་གསུམ་གྱི་རིན་མེད་ཞག་སྡོད་ལོངས་སྤྱོད་བྱེད་ཆོག་པར་ཐག་བཅད། ཞིབ་ཕྲའི་གཟིགས་སྐྱོང་ཞིབ་སྲོལ་ནི་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྐབས་དེ་དུས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཚད་གཞིར་འཛིན་དགོས།