ཚེས17ཉིན་གྱི་རྒྱལ་ཡོངས་ཀྱི་རིམས་ནད་གནས་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-18   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད0ནས24ཡི་རིང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ1886གིས་མང་དུ་ཕྱིན་པ་དང་། ནད་པ་ལྕི་མོ1097གྱིས་མང་དུ་ཕྱིན། ཚེ་འདས་ནད་པ98(ཧུའུ་པའེ་རུ93དང་ཧི་ནན་དུ3ཡོད་ལ། ཧི་པའེ། ཧུའུ་ནན་དུ1རེ་ཡོད།) གྱིས་མང་དུ་ཕྱིན་ཡོད། དོགས་ཡོད་ནད་རྟགས་ཡོད་པའི་ནད་པ1432ཀྱིས་མང་དུ་ཕྱིན་ཡོད། ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1701གིས་མང་དུ་ཕྱིན་ཡོད་པ་དང་། འབྲེལ་འདྲིས་ཡོད་མཁན་མི27908ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག    ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད24ཡི་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ58016(དེའི་ནང་ནད་པ་ལྕི་མོ11741)ཡོད་པ་དང་། བསྡོམས་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ12552ཡོད་ལ། (པེ་ཅིང་དུ་ནད་པ7གྱིས་མང་དུ་ཕྱིན།) ཚེ་འདས་ནད་པ1868ཡོད། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ72436ཡོད། (ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དུ་ནད་པ2ཀྱིས་མང་དུ་ཕྱིན།)  ད་ལྟ་དོགས་ཡོད་ནད་རྟགས་ཐག་བཅད་པའི་ནད་པ6242བཅས་ཡོད་པ་དང་། བསྡོམས་པས་འབྲེལ་འདྲིས་ཡོད་པའི་མི560901གི་རྗེས་འདེད་ཐུབ་ཡོད་པ་མ་ཟད། ད་དུང་འབྲེལ་འདྲིས་ཡོད་པའི་མི141552ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།    ཧུའུ་པའེ་རུ་ནད་རྟགས་ཐག་བཅད་པའི་ནད་པ1807(ཝུའུ་ཧན་དུ1600)གྱིས་མང་དུ་ཕྱིན་པ་དང་། ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1223(ཝུའུ་ཧན་དུ761)གྱིས་མང་དུ་ཕྱིན་ཡོད་ལ། ཚེ་འདས་ནད་པ93(ཝུའུ་ཧན་དུ72)གྱིས་མང་དུ་ཕྱིན་ཡོད། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ50338(ཝུའུ་ཧན་དུ37152)ཀྱིས་མང་དུ་ཕྱིན་ཡོད། དེའི་ནང་ནད་པ་ལྕི་མོ10970(ཝུའུ་ཧན་དུ9222)གིས་མང་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ7862(ཝུའུ་ཧན་དུ4219)ཡོད་པ་དང་། ཚེ་འདས་ནད་པ1789(ཝུའུ་ཧན་དུ1381)ཡོད། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ59989(ཝུའུ་ཧན་དུ42752)ཡོད། དོགས་ཡོད་ནད་རྟགས་ཡོད་པའི་ནད་པ788(ཝུའུ་ཧན་དུ340)ཀྱིས་མང་དུ་ཕྱིན་ཡོད། ད་ལྟ་དོགས་ཡོད་ནད་རྟགས་ཡོད་པའི་ནད་པ4194(ཝུའུ་ཧན་དུ1799)བཅས་ཡོད།   བསྡོམས་རྩིས་བྱས་པ་ལྟར་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་རྟགས་ཐག་བཅད་པའི་ནད་པ92ཡོད་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ60(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ2ཡོད་པ་དང་། ཚེ་འདས་ནད་པ1)ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ10ཡོད་ལ། (ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ5ཡོད།) ཐའེ་ཝན་ས་ཁུལ་དུ་ནད་པ22(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ2དང་། ཚེ་འདས་ནད་པ1ཡོད།)བཅས་ཡོད་པ་རེད། །