ཀོང་རྩེད་རའི་ཡུལ་མིས་ཝུའུ་ཧན་ལ་ཞལ་འདེབས་སྒོར་ཁྲི54ལྷག་ཕུལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན་འབྲི་ཆུའི་འགྲམ་རྒྱུད་ཀྱི་ཧུའུ་པེ་ཝུའུ་ཧན་དུ་ནད་ཡམས་ཚབས་ཆེན་ཕོག་ནས་རྒྱལ་ཡོངས་ཀྱི་མི་རིགས་སྤུན་ཟླ་སོ་སོའི་སེམས་པ་སྒུལ་ཞིང་།གཙང་པོ་གཅིག་གི་ཆུ་འཐུང་བའི་ཀོང་རྩེད་རའི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་ཡང་སྒུལ་བར་བྱས་ཏེ་ཞལ་འདེབས་རོགས་དངུལ་འབུལ་བའི་འདུན་པ་ཤིན་ཏུ་དྲག་ཅིང་།མང་ཚོགས་ཀྱིས་ཁྱོན་ཞལ་འདེབས་དངུལ་སྒོར་543113.32ཕུལ་པ་རེད།

    ཟླ2པའི་ཚེས8ཉིན།འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཝུའུ་ཧན་ལ་ཞལ་འདེབས་ཕུལ་བའི་གྲོས་འགོ་བཏོན་པ་རེད།ཀོང་རྩེད་ར་གྲོང་རྡལ་གྱི་ཏང་ཡོན་དང་། ལས་བྱེད་པ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། གྲྭ་པ། དབུལ་ཕོངས་དུད་ཚང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི།སློབ་མ་བཅས་ཀྱིས་དང་ལེན་ཧུར་ཐག་ཞུས་ནས་ཟླ་2ཚེས་13ཉིན་བར་ཝུའུ་ཧན་དུ་ཁྱོན་མ་དངུལ་སྒོར་543113.32ཞལ་འདེབས་ཕུལ་བ་རེད།འདིའི་ཁྲོད་དུ།ཀོང་རྩེད་ར་གྲོང་རྡལ་གྱི་གྲོང་མིས་སྒོར་276447.32ཕུལ་བ་དང་།དགའ་ལྡན་དོན་འགྲུབ་གླིང་གི་གྲྭ་བས་སྒོར་266666.00ཕུལ་བ་རེད།ཚེས14ཉིན།འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་གྱིས་གཅེས་སེམས་དགེ་སྒྲུབ་དངུལ་སྒོར་543113.32ཝུའུ་ཧན་རྒྱ་གྲམ་དམར་པོའི་ཚོགས་པར་སྤྲད་པ་རེད།གཞན་དགའ་ལྡན་དོན་འགྲུབ་གླིང་གིས་འཇོལ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་སྤྱོད་རྒྱུར་ཞལ་འདེབས་དངུལ་སྒོར་100000.00བསྡུས་ནས་རྒྱ་གྲམ་དམར་པོའི་ཚོགས་པར་སྤྲད་པ་རེད།