རིམས་ནད་ཉེན་ཁའི་རིམ་པ་ཁྱབ་བསྒྲགས་ཐོག་བདེ་ཆེན་ནི་ཉེན་ཁ་ཆུང་བའི་ཁུལ་དུ་གཏོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་གྱི་གྲོང་གསེབ་ཏུ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཏོག་གསར་གློ་ཚད་འགོག་བཅོས་བྱེད་པར་མཛུབ་སྟོན་དང་།ཕན་འབྲས་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རིམས་ནད་མཆེད་རྒྱུ་སྔོན་འགོག་ཚོད་འཛིན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད། རང་ཞིང་ཆེན་གྱི་གྲོང་གསེབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཡུན་ནན་ཞིང་ཆེན་གྱིས《ཡུན་ནན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་ཇུས་གཞི》པར་འགྲེམས་བྱས་པ་རེད།(གཤམ་དུ་བསྡུས་མིང་ལ་《ཇུས་གཞི་》ཞེས་འབོད་རྒྱུ། ) 《ཇུས་གཞིའི》ནང་ཞིང་ཆེན་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཀོད་འདོམས་པུའུ་ཡི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང(ཚོགས་པ)གྱིས་རིམས་ནད་ཀྱི་ཉེན་ཁའི་རིམ་པའི་དཔྱད་དཔོག་བྱས་འབྲས་ལ་གཞིགས་ནས། རང་ཞིང་ཆེན་གྱི་རྫོང་(གྲོང་ཁྱེར་དང་ཆུས་)129དེ་ཉེན་ཁ་ཆེ་བ15་དང་ཉེན་ཁ་ཅུང་ཆེ་བ17  ཉེན་ཁ་འབྲིང་བ41ཉེན་ཁ་ཅུང་ཆུང་བ27ཉེན་ཁ་ཆུང་བ29བཅས་ས་ཁུལ་རིགས་5རུ་དབྱེ་ཡོད་པ་རེད།བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་།འབའ་ལུང་རྫོང་ནི་ཉེན་ཁ་ཆུང་བའི་ས་ཁུལ་དུ་དབྱེ་ཡོད་པ་རེད།

    ཉེན་ཁ་རིམ་པ་མི་འདྲ་བར་གཞིགས་ནས《ཇུས་གཞིའི》ནང་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ཁ་གསལ་བཏོན་པ་མ་ཟད། རིམས་ནད་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་འབྲེལ་ཡོད་ཉེན་ཁའི་རིམ་པ་བབ་བསྟུན་ལེགས་སྒྲིག་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།