ཚེས14ཉིན་གྱི་རྒྱལ་ཡོངས་ནད་ཡམས་གནས་ཚུལ་གསར་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-15   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

     ཟླ2ཚེས14ཉིན་གྱི་ཆུ་ཚོད0—24བར། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར།)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། གསར་དུ་ངོས་བཟུང་བའི་ནད་པ2641མང་དུ་ཕྱིན་པ་དང་། ནད་པ་ལྕི་མོ849མང་དུ་ཕྱིན་ཡོད་ལ། ནད་པ143ཚེ་ལས་འདས། གསར་བྱུང་དོགས་ཡོད་ནད་པ2277མང་དུ་ཕྱིན་ཡོད་པ་རེད།

      ཉིན་དེར། གསར་དུ་དྲག་སྐྱེད་བྱུང་བའི་ནད་པ1373མང་དུ་ཕྱིན་པ་དང་། མི30081ལ་གསོ་རིག་ལྟ་ཞིབ་བྱས་མཐར་ནད་རྟགས་མེད་པ་གཏན་ཁེལ་བྱུང་ཡོད།

      ཟླ2ཚེས14ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུར་གཞིགས་ན། མིག་སྔར། གཏན་འཁེལ་བྱས་པའི་ནད་པ56873(དེའི་ནང་ནད་གཞི་ལྕི་མོ་ཕོག་པའི་ནད་པ11053)ཡོད་པ་དང་། རིམ་རྩིས་བྱས་ན་སྨན་ཁང་ནས་ཕྱིར་བུད་པའི་ནད་པ8096ཡོད་ལ། ཚེ་འདས་ནད་པ1523ཟིན་པ། ནད་གཞི་གཏན་འཁེལ་བྱས་པའི་ནད་པ66492མང་དུ་ཕྱིན། དོགས་ཡོད་ནད་པ8969བཅས་ཚུད་ཡོད་པ་རེད། རིམ་རྩིས་བྱས་ན་ནད་པ་དང་འབྲེལ་བ་དམ་ཟབ་བྱེད་མཁན513183ལས་མི169039ལ་ད་དུང་ནད་འགོས་ཡོད་མེད་ཀྱི་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།