ཀྲུང་གོ་རྡོ་སྣུམ་གྱིས་བྱ་ཐབས་འདི་བཀོལ་ནས་རིམས་འགོག་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སུ་གནས་པ་དང་ལྷག་པར་དུ་རིམ་བརྩེགས་མི་སྣ་གྲོང་ཁྱེར་དུ་ཕྱིར་ལོག་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཕྲད་པའི་དུས་བབ་དེ་བས་ཛ་དྲག་དང་རྙོག་འཛིང་ཆེ་བ་རེད དེར་བརྟེན་ཀྲུང་གོ་རྡོ་སྣུམ་གྱིས་སྣུམ་སྣོན་ས་ཚིགས་ནས་སྣུམ་སྣོན་སྐབས་འཛད་སྤྱོད་པས་གང་ཐུབ་ཀྱིས་སྒུལ་བདེའི་གཏོང་སྤྲོད་བྱེད་སྟངས་སྤྱད་རྒྱུ་སྐུལ་སྤེལ་བཏང་བ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ་ཀྲུང་གོ་རྡོ་སྣུམ་ཡུན་ནན་བདེ་ཆེན་ཀུང་སིས་སྣུམ་ཟམ་མི་ཆད་པར་མཁོ་འདོན་བྱེད་རྒྱུ་དང་། ཚོང་ཟོག་གི་རིན་གོང་མི་འཕར་བ། ཞབས་ཞུའི་སྒོ་མི་རྒྱག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས།ཁོངས་གཏོགས་ཀྱི་སྣུམ་སྣོན་ས་ཚིགས་13དུ་ཀྲུང་གོ་རྡོ་སྣུམ་གྱི་མགྲོན་པོ་ཡག་པོeས་ཚིགས་Appསྒུལ་བདེའི་གཏོང་སྤྲོད་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ།འཛད་སྤྱོད་པས་རླངས་འཁོར་ནས་བབས་མི་དགོས་པར་སྣུམ་སྣོན་ཐུབ་པ་དང་རླངས་འཁོར་ནས་བབས་མི་དགོས་པར་དངུལ་སྤྲོད་ཐུབ་པ། རླངས་འཁོར་ནས་བབས་མི་དགོས་པར་སྤ་སེ་ལེན་ཐུབ་པ་བཅས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་འབྲེལ་གཏུག་བྱེད་མི་དགོས་པས་རིམས་ནད་འཕྲད་སྐབས་ཀྱི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱས་ཡོད།   སྣུམ་སྣོན་བྱང་བུའི་སྒུལ་བདེའི་གཏོང་སྤྲོད་ཇི་ལྟར་ཤར་གཏོང་བྱེད་རྒྱུ་གཤམ་དུ་ཡོད།