ཁ་རས་ཉིས་བརྩེགས་བརྒྱབ་ན་ཕན་པ་གང་ཡང་མི་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-13   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        མི་མང་པོ་ཞིག་གིས་ཏོག་གསར་ནད་དུག་མ་འགོས་སྔོན་འགོག་བྱ་ཆེད། ཕྱིར་ཐོན་སྐབས་ཁ་རས་ཉིས་བརྩེགས་བརྒྱབ་ན་དེ་བས་འགོག་སྲུང་ཡག་པོ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་དེ་ལས་ལྡོག་སྟེ་ཁ་རས་ཉིས་བརྩེགས་བརྒྱབ་ན་དབུགས་གཏོང་དཀའ་བར་གྱུར་ནས་དབུགས་ཤུགས་ཀྱིས་རྔུབ་དགོས་ཀྱི་ཡོད་པས། ནད་དུག་དེ་བས་འགོ་བདེ་བ་ཡོད། དེས་ན་རྒྱ་ཆེའི་དྲ་གྲོགས་རྣམ་པས་ཁ་རས་རྒྱག་སྐབས་ཡིད་གཟབ་གནང་དགོས་འདུག