སེམས་ཀྱི་ཉི་ཟླའི་བེ་ཤ་ལས་སྣོན་ཁུལ་རྒྱལ་ཁབ་ཀྱི་གྲོང་གསེབ་གསར་གཏོད་ལས་གཏོད་གླིང་ཁུལ་སྟོབས་ཆེན་200ནང་ཚུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་གྲོང་གསེབ་གསར་གཏོད་ལས་གཏོད་དཔེ་མཚོན་རྫོང་དང་གྲོང་གསེབ་གསར་གཏོད་ལས་གཏོད་གླིང་ཁུལ། དེ་མིན་གྲོང་གསེབ་གསར་གཏོད་ལས་གཏོད་གསོ་སྦྱོང་དངོས་སྦྱོང་རྟེན་གཞིའི་མིང་ཐོ་མཚམས་སྦྱོར་སྐོར་གྱི་བརྡ་ཐོ་གཏོང་བ་དང་། བདེ་ཆེན་སེམས་ཀྱི་ཉི་ཟླའི་བཟོ་ལས་གླིང་ཁུལ་གྱི་རྫོང་པ་ནག་ལྕོག་རི་བོའི་བེ་ཤ་ལས་སྣོན་ཁུལ་རྒྱལ་ཁབ་ཀྱི་གྲོང་གསེབ་གསར་གཏོད་ལས་གཏོད་གླིང་ཁུལ་སྟོབས་ཆེན་200ནང་ཚུད།

        བརྡ་ཐོ་ནས་བསྟན་དོན། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ན་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྔར་ལས་མང་བ་གཅིག་བསྡུས་བྱེད་དགོས། ཉེ་བའི་ལོ་འགའི་རིང་། ས་གནས་ཁག་གིས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་དཔེ་མཚོན་རྫོང་འབོར་ཆེན་ཞིག་ཐོན་པ་དང་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་གླིང་ཁུལ་དང་གསོ་སྦྱོང་དངོས་སྦྱོང་རྟེན་གཞི་ཁག་གཅིག་བསྐྲུན་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།