བདེ་ཆེན་བའི་བྱ་སྤྱོད་འདི་དག་ལ་བསྟོད་ར་བྱེད་འོས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        འཇོལ་གྱི་འགྲིམ་འགྲུལ་ཉེན་རྟོག་པས་མཚན་གུང་གངས་རིར་ལུས་པའི་བོད་སྐྱོར་སྨན་རྫས་རླངས་འཁོར་ལ་རོགས་སྐྱོབ་བྱས་པ།

        ཟླ་2པའི་ཚེས་7ཉིན་གྱི་མཚན་གུང་ཆུ་ཚོད་12པའི་ཐོག  འཇོལ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་རེས་ཁང་ལ་ཅང་སུའུ་ནས་ཡིན་པའི་ཁ་ལོ་བའི་ཉེན་བརྡ་རོགས་ཞུ་འབྱོར་ཏེ། ཁ་ལོ་བ་དེས་རང་གི་བོད་སྐྱོར་སྨན་རྫས་རླངས་འཁོར་རྒྱལ་ལམ་ལམ་ཐིག་214ཡི་པད་མ་རི་བོའི་ལམ་མཚམས་སུ་འདྲེད་འགོག་ལྕགས་ཐག་ཆད་པ་དང་རླངས་འཁོར་འདྲེད་བརྡར་ཤོར་ནས་འགུལ་མི་ཐུབ་པས་ཉེན་རྟོག་པའི་རོགས་སྐྱོབ་བྱེད་རོགས་ཞེས་ཞུས་བ།

        ཉེན་བརྡ་ལེན་རྗེས། འཇོལ་རྫོང་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དུས་ཐོག་ཏུ་པད་མ་རི་བོའི་བབ་བསྟུན་རོགས་སྐྱོབ་འཆར་གཞི་ལག་བསྟར་བྱས་པ་དང་འཕྲད་དུ་ཡུལ་དངོས་སུ་སོང་ནས་རོགས་སྐྱོབ་བྱས་པ། ཤེས་རྟོགས་བྱུང་དོན། ཉེན་བརྡ་ཞུ་བའི་ཁ་ལོ་བས་གཏོང་བའི་རླངས་འཁོར་ནི་བོད་དུ་དབོར་བའི་རོགས་སྐྱོབ་དངོས་ཟོག་རླངས་འཁོར་ཡིན་ལ།  རླངས་འཁོར་གྱི་ཐོག་བོད་སྐྱོར་སྨན་རྫས་དང་མཁོ་ཆེའི་དངོས་རྫས་འཇོག་ཡོད། མཉམ་དུ་ཡོད་པའི་ཟོག་འདྲེན་རླངས་འཁོར་3ཡང་གངས་འཁྱགས་ལམ་དུམ་དུ་ལུས་ཡོད།

        རོགས་སྐྱོབ་རུ་ཁག་གིས་ཆུ་ཚོད་1ལྷག་གི་རོགས་སྐྱོར་བྱས་པར་བརྒྱུད་རླངས་འཁོར་དེ་དག་དཀའ་ངལ་ལས་ཐར།

        ཉི་ཤར་རིམས་ནད་འགོག་སྲུང་འགག་གནས་ཀྱིས་ཁ་བ་བབས་པའི་མཚན་མོར་མི་སྐྱོབ་པ།

        ཟླ་2པའི་ཚེས་9ཉིན་གྱི་མཚན་མོའི་ཆུ་ཚོད་7པའི་ཐོག  སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་རོང་རྫོང་གི་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་སྨན་བཅོས་འགྲོ་བའི་ནད་པ་བསྡད་ཡོད་པའི་རླངས་འཁོར་གཉིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་རིམས་ནད་འགོག་སྲུང་འགག་གནས་ལ་བརྒྱུད་པ་དང་། འགག་གནས་ཐོག་གི་ཉེན་རྟོག་པ་དང་སྨན་བཅོས་མི་སྣ་གིས་རླངས་འཁོར་ཐོག་གི་ནད་པ་ལ་ལུས་དྲོད་བརྟག་བཤེར་བྱས་པ་མ་ཟད་ཐོག་མའི་ཞིབ་བཤེར་བྱས་པ།  ནད་པ་དེ་གཉིས་ཀའི་ཁྲོད་གཅིག་ནི་ཕོ་བ་ཁྲག་རྡོལ་པ་དང་གཞན་ཞིག་ནི་གཡས་གསུས་ན་ཟུག་དྲག་པོ་བྱུང་བས་མྱུར་གཤིས་རྒྱུ་ལྷག་ཚ་ནད་ཡིན་པ་འདྲ། དེ་ཡང་ཁ་བ་བབས་པ་དང་མཚན་མོ་ཡིན་པའི་རྐྱེན་གྱིས་ཉི་ཤར་ཤང་འཕྲོད་བསྟེན་ཁང་གི་མྱུར་སྐྱོབ་རླངས་འཁོར་གྱིས་ནད་པ་བསྐྱེལ་བ་དང་ཉི་ཤར་རིམས་ནད་འགོག་སྲུང་འགག་གནས་ཀྱི་སྨན་བཅོས་མི་སྣ་འགའ་མྱུར་སྐྱོབ་རླངས་འཁོར་དང་མཉམ་དུ་ནད་པ་སྲུང་བསྐྱེལ་བྱས་པ་རེད།