གནས་ཚུལ་སྦ་གསང་མ་བྱེད། རང་གཞན་ཕུང་ལ་སྦྱོར་སྲིད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-12   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། མི་དམངས་ཉིན་རེའི་ཚགས་པར།

        མི་གཅིག་གིས་ནད་ཡམས་གནས་ཚུལ་སྦ་གསང་བྱས་པ་དེས་མི་ཚང་མས་དཀའ་བ་སྤྱད་པའི་འབྲས་བུ་ཆུད་ཟོས་སུ་གཏོང་སྲིད།

        ཧྲན་ཏུང་ཝེ་ཧྥང་དུ་ཡོད་པའི་ནད་པ་ཞིག་གིས་ནད་ཡམས་འགོས་པ་སྦ་གསང་བྱས་པའི་རྐྱེན་གྱིས། སྨན་དོན་མི་སྣ་68ལོགས་དབྱེ་བྱེད་དགོས་བྱུང་ཡོད།

        མི་གཅིག་གིས་ནད་ཡམས་གནས་ཚུལ་སྦ་གསང་བྱས་པ་དེས་མི་གྲངས་ལས་འདས་པ་ཉེན་ཁའི་གནས་སུ་སྐྱེལ་སྲིད།

        ཁྲང་ཁྲུན་དུ་ནད་ཡམས་དེ་ཕོག་པ་གཏན་འཁེལ་བྱས་པའི་ནད་པ་ཞིག་གིས་རང་ཉིད་ཀྱི་གནས་ཚུལ་སྦ་གསང་བྱས་པའི་རྐྱེན་གྱིས་མི་5ལ་ནད་དུག་དེ་འགོས་ཡོད།

        ཐའེ་ཡོན་དུ་བཟའ་ཚོ་གཉིས་ཀྱིས་ཨ་ཕ་དང་འབྲེལ་གཏུག་བྱས་པའི་གནས་ཚུལ་སྦ་གསང་བྱས་པའི་རྐྱེན་གྱིས་སྨན་དོན་མི་སྣ་17དང་ཐེམ་དུད་102ཡི་གྲོང་མི་ཛ་དྲག་ངང་ལོགས་དབྱེ་བྱེད་དགོས་བྱུང་།

        མི་གཅིག་གིས་སྦ་གསང་བྱས་པ་དེས་རང་གཞན་གཉིས་ཀ་ཕུང་ལ་སྦྱོར་སྲིད།

        ཧོ་པེ་རུ་ནད་པ་ཞིག་གིས་ནད་གཞི་སྦ་གསང་བྱས་པས་ནད་པ་དེའི་སྨན་བཅོས་བྱེད་པའི་གོ་སྐབས་ཡག་ཤོས་ཤོར་ནས་གྲོངས་པ་མ་ཟད།ཐུག་འཕྲད་བྱུང་བའི་མི་77རྣམས་ལོགས་དབྱེ་བྱེད་དགོས་བྱུང་ཡོད།

        མི་གཅིག་གིས་ནད་ཡམས་སྦ་གསང་བྱས་པས་མི་ཚང་མ་ཐག་ཞོར་འབྲེང་འདྲུད་བྱེད་སྲིད།

        ཧུའུ་པེ་ཡི་སློབ་གྲྭ་ག་གེ་མོའི་སློབ་སྤྱི་གཞོན་པ་དང་ཁོ་པའི་བཟའ་ཟླ་ཡིས་ནད་ཡམས་གནས་ཚུལ་སྦ་གསང་བྱས་ཤིང་།གཏན་འབེབས་ལས་འགལ་ནས་ཨ་ཕར་སྐྱེས་སྐར་གྱི་སྟོན་མོ་བཤམས་པས་སྨན་དོན་མི་སྣ་སོགས་མི་བརྒྱ་ལྷག་ཙམ་ལོགས་དབྱེ་བྱེད་དགོས་བྱུང་ཡོད།

        ནད་ཡམས་གནས་ཚུལ་སྦ་གསང་བྱེད་མཁན་ཐར་པར་གཏོང་མི་སྲིད།

        ཧྲང་ཧའེ་ཡིས་མི་སྒེར་གྱིས་ནད་ཡམས་གནས་ཚུལ་སྦ་གསང་བྱས་ཚེ་ཡིད་རྟོན་ཐད་ཀྱི་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་དང་།

        ཅང་སུའུ་ཡིས་མི་སྒེར་གྱིས་ནད་ཡམས་གནས་ཚུལ་སྦ་གསང་བྱས་ཚེ་རྗེས་སུ་ཡིད་རྟོན་མི་རུང་བར་བརྩི་རྒྱུའི་ཐག་བཅད་ཡོད།

        རྐང་བཙུགས་ནས་ནད་ཡམས་གནས་ཚུལ་སྦ་གསང་བྱེད་པ་དེ་ཁྲིམས་འགལ་ཡིན།

        ནད་ཡམས་གནས་ཚུལ་སྦ་གསང་བྱེད་མཁན་ནད་པ་20ལྷག་ཙམ་གྱིས་ཉེན་ལྡན་བྱ་སྤྱོད་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་དོགས་པ་ཡོད་པས་ཉེས་དོན་ཐོ་འགོད་དང་བརྟག་ཞིབ་བྱས་ཡོད་པ་རེད།