ཞི་ཅིན་ཕིང་གིས་པེ་ཅིན་དུ་ཏོག་གསར་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-11   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཚེས10ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཏོག་གསར་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ་རེད། ཞི་ཅིན་ཕིང་ཐོག་མར་ཁྲའོ་དབྱང་ཆུས་ཨན་ཀྲེན་སྲང་ལམ་ཨན་ཧྭ་ལི་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་གྱི་འཐབ་ས་དང་པོའི་རིམས་ནད་མཉམ་འགོག་མཉམ་བཅོས་དང་གྲོང་མིའི་འཚོ་བའི་མཁོ་ཆས་འགན་སྲུང་དང་མཁོ་སྤྲོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད། སྡེ་ཁུལ་གྱི་གྲོང་མི་དང་ལས་བྱེད་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།  །