ལིས་ཁི་ཆང་ཀྲུང་གོ་གསོ་རིག་ཚན་རིག་གླིང་གི་ནད་གཞི་སྐྱེ་དངོས་རིགས་པའི་ཞིབ་འཇུག་ཁང་དུ་ཕེབས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཞིབ་འཇུག་བྱ་བར་རྟོག་ཞིབ་མཛད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-10   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ2པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་ཀྲུང་གོ་གསོ་རིག་ཚན་རིག་གླིང་གི་ནད་གཞི་སྐྱེ་དངོས་རིགས་པའི་ཞིབ་འཇུག་ཁང་དུ་ཕེབས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཞིབ་འཇུག་བྱ་བར་རྟོག་ཞིབ་མཛད་པ་དང་འཐབ་ཕྱོགས་དང་པོ་རུ་ཡོད་པའི་ཚན་ཞིབ་མི་སྣར་འཚམས་འདྲི་ཞུས།

        ཀྲུང་གོ་གསོ་རིག་ཚན་རིག་གླིང་གི་འགན་འཁུར་བས་རིམས་ནད་འགོག་བཅོས་དང་ཚན་ཞིབ་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་པ་དང་། ལིས་ཁི་ཆང་གིས་ཁོ་ཚོས་ཉིན་མཚན་མེད་པར་དཀའ་སྤྱད་སྡུག་རུས་སྒོས་བྱ་བ་བསྒྲུབས་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་བཅོས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཤིང་། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རིམས་ནད་འགོག་བཅོས་བྱ་བའི་ཐད་ལ་བཀོད་སྒྲིག་ཐེངས་མང་བྱས་པ་དང་རིམས་ནད་འགོག་བཅོས་བྱ་བ་ནུས་ལྡན་སྒོས་སྤེལ་བཞིན་ཡོད། ནད་པར་སྔ་མོ་ནས་རྩད་གཅོད་པ་དང་སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ལོགས་སུ་བགར་བ། སྔ་མོ་ནས་སྨན་བཅོས་བྱེད་པའི་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་པ་དང་། ངོས་བཟུང་བའི་ནད་པ་གཅིག་བསྡུས་སྒོས་བསྡུ་ལེན་དང་སྨན་བཅོས་བྱེད་པ་དང་། འབྲེལ་འདྲིས་བྱེད་མཁན་གཅིག་བསྡུས་སྒོས་ལོགས་སུ་བགར་བ་དང་ལྟ་ཞིབ་བྱེད་པར་ཤུགས་བསྣན་ནས། ཧུར་ཐག་སྒོས་བསྡུ་ལེན་དང་སྨན་བཅོས་བྱས་ཚད་དང་ནད་པ་དྲག་ཚད་མཐོར་འདེགས་སུ་བཏང་ནས་འགོས་ཚད་དང་ཚེ་ལས་འདས་ཚད་ཇེ་དམའ་རུ་གཏོང་དགོས་ཟེར།

        ནད་གཞི་ཁོངས་གཏོགས་ཀྱི་སྐྱེ་དངོས་རིག་པའི་ཚོད་ལྟ་ཁང་དུ་ལིས་ཁི་ཆང་གིས་ནད་དུག་འགོག་སྨན་ལེགས་འདེམས་དང་ནད་ཐོག་སྨན་བཅོས་ཚོད་ལྟའི་ཞིབ་འཇུག་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། ནུས་ལྡན་སྨན་རྫས་ནི་ཐེངས་འདིའི་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་ལག་ཆ་གཙོ་བོ་ཡིན་པ་དང་། ནད་པ་དྲག་ཚད་མཐོར་འདེགས་སུ་གཏོང་བ་དང་ནད་པ་ཤི་ཚད་ཇེ་དམའ་རུ་གཏོང་བའི་གནད་འགག་ཡིན་པས། འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་པའི་སྨན་བཅོས་མི་སྣ་དང་ནད་པ་རྣམས་ཀྱིས་རེ་སྒུག་ཆེན་པོ་བྱས་ཡོད་ཟེར། །