མཁའ་དབུགས་དང་ས་ངོས་སུ་ནད་དུག་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-09   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        མཁའ་དབུགས་ཁྲོད་ནད་དུག་ཡོད་དམ།  ས་ངོས་སུ་ནད་དུག་ཡོད་དམ།  ས་ངོས་ཀྱི་ནད་དུག་ལྷམ་ངོས་སུ་འགོས་ནས་ཁྱིམ་ལ་ནད་དུག་ཁྱབ་སྲིད་དམ། ཝུའུ་ཧན་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དུག་སེལ་དང་ནད་སྦྱོར་སྔོན་འགོག་སུའོ་ཡི་སུའོ་ཀྲང་གཞོན་པ་ཁྲེན་ཞའོ་མིན་གྱིས་དྲི་བ་དེ་དག་ཐད་གཤམ་གསལ་ལྟར་ལན་བསྐྱོན་འདུག

        མིག་སྔར་ཞིབ་འཇུག་བྱས་པ་ལྟར་ན། ནད་དུག་དེ་གཙོ་བོ་མཆིལ་ཟེགས་སམ་ཐུག་རེག་བརྒྱུད་ནས་མཆེད་བཞིན་ཡོད་ཅིང་། མཆིལ་ཟེགས་དུས་ཡུན་རིང་པོར་བར་སྣང་དུ་གཡེང་མི་སྲིད་པས་སྤྱིར་བཏང་མཁའ་དབུགས་ཁྲོད་དུ་ནད་དུག་ཡོད་མི་སྲིད་མོད། ཡིན་ནའང་མཆིལ་ཟེགས་དེ་དངོས་པོའམ་ས་ངོས་སུ་ལྷུང་བཞིན་ཡོད་པས་དངོས་པོ་དང་ས་ངོས་སུ་ནད་དུག་ཡོད་སྲིད་པས་ལག་པ་གཙང་མ་བཀྲུ་རྒྱུ་ཤིན་ཏུ་གལ་ཆེ་བ་མ་ཟད། ད་དུང་ནད་ཡམས་ཚབས་ཆེ་བའི་ས་ཁུལ་གྱི་མི་རྣམས་ཕྱི་ལོགས་ནས་ཁྱིམ་ལ་ལོག་སྐབས་ལྷམ་ངོས་དུག་སེལ་བྱེད་རྒྱུ་དང་། ལྷག་པར་དུ་ཕྱི་རུ་གོན་པའི་ལྷམ་དང་ཁྱིམ་དུ་གོན་པའི་ལྷམ་གཉིས་ལོགས་སུ་དབྱེ་རྒྱུ་ཤིན་ཏུ་གལ་ཆེ།

        དེ་མིན་མི་མང་པོས་ཐུག་རེག་བྱེད་བཞིན་པའི་སྒོ་འཐེན་དང་། གློག་སྐས་ཀྱི་མཐེབ་གནོན་སོགས་སུའང་ནད་དུག་ཡོད་པས་དེ་དག་ལ་ཐུག་རྗེས་ངེས་པར་ལག་པ་བཀྲུ་དགོས་སོ།།