བདེ་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གནས་ཚུལ་ཡོངས་བསྒྲགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཟླ་2པའི་ཚེས་4ཉིན།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཀོད་འདོམས་པུའུ་ཡིས་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ལས་ཀའི་གསར་འགྱུར་ཡོངས་བསྒྲགས་ཐེངས་དང་པོ་འཚོགས་ནས།མིག་སྔའི་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་ལས་ཀ་སྨྱན་སྦྱོར་ཁག་ལ་ཁྱབ་བསྒྲགས་བཏང་བ་རེད།

     ཁྱབ་བསྒྲགས་ཐོག་ཟླ་2པའི་ཚེས་4ཉིན་གྱི་ཆུ་ཚོད་17︰00བར།བདེ་ཆེན་ཁུལ་དུ་དོགས་འདྲའི་ནད་དཔེ་དང་གཏན་འཁེལ་ནད་དཔེའི་སྙན་ཞུ་བྱུང་མེད། ཁུལ་ཡོངས་ཀྱིས་ནད་པར་འབྲེལ་གཏུག་དམ་ཟབ་བྱེད་མཁན་41གྲལ་བཤེར་བྱས་ཡོད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་མི་28ཡོད་པ་དང་།འཇོལ་རྫོང་དུ་མི9ཡོད། འབའ་ལུང་རྫོང་དུ་མི4ཡོད། ནད་པར་འབྲེལ་གཏུག་དམ་ཟབ་བྱེད་མཁན་ཚང་མ་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་ཅེས་བསྟན།

    ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་སྲིད་གཞུང་གི་སྔོན་འགོག་ལས་ཀ་སྐོར་གྱི་བཀོད་སྒྲིག་གཙོ་བོ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཡོད། ཟླ་1པོའི་ཚེས་21ཉིན།རིམས་ནད་སྔོན་འགོག་ལས་ཀ་འཕྲད་མར་འགོ་ཚུགས་པ་དང་། ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག  ཤུགས་སྣོན་རྒྱབ་ནས། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་གཟུགས་པོའི་བདེ་བླག་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱས་ཡོད།