རིམས་ནད་འགོག་སྲུང་ཁྲོད་བརྩེ་སེམས་ངོ་མ་མཐོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཟླ་2པའི་བདེ་ཆེན་མཐོ་སྒང་གྲོག་རོང་དུ་འབྲི་ཆུ་ཁའི་ཆུ་ངར་ཆེ་ཞིང་།  རླུང་ཤུགས་རྒྱག་ལ་ཐལ་བ་ལངས་ཡོད། ཚེས་3ཉིན་གྱི་ཆུ་ཚོད་18:00ཐོག་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཧྥུའུ་ལུང་ཟམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ས་ཚིགས་ཀྱི་ལས་དོན་མི་སྣས་གོ་རིམ་ལྡན་པའི་ངང་ལས་དོན་ཁག་སྤེལ་བཞིན་ཡོད་སྐབས།སྐྱེས་པ་གཉིས་རྐང་ཐང་དུ་ས་ཚིགས་སུ་ཆུ་ཁོལ་སློང་དུ་ཡོང་། ཀོང་རྩེད་ར་སྤྱི་བདེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འདྲི་རྩད་བྱས་པ་ན།ཁོང་ཚོ་ནི་བོད་ལྗོངས་སྨར་ཁམས་སྤང་མདའ་ཤང་ནས་ཡིན་པ་དང་ད་སོ་མ་ཏ་ལིས་གྲོང་ཁྱེར་ནས་སྨན་བཅོས་བྱས་ཚར་རྗེས་ཕ་ཡུལ་དུ་ལོག་མཁན་ཡིན་པ་ཤེས།ཉེ་དུས་རླངས་འཁོར་འགྲོ་འོང་ཉུང་བས་ཁོ་ཚོ་གཞན་གྱི་རླངས་འཁོར་ལ་སྡོད་པའམ་ཡང་ན་རླངས་འཁོར་རེ་གླས་ནས་ཡོང་བ་ན་ད་གཟོད་འཇོལ་རྫོང་ཀོང་རྩེད་རའི་མངའ་ཁོངས་ནང་དུ་ཐོན།རིམས་ནད་སྔོན་འགོག་ཚོད་འཛིན་ས་ཚིགས་དང་བར་ཐག་སྤྱི་ལེ་གཅིག་གི་ས་ནས་དུས་ཚོད་གཅིག་ལྷག་ལ་སྒུག་པ་རེད། 

དཀའ་ངལ་མྱོང་བའི་ཡུལ་མིའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

     མི་དམངས་ཉེན་རྟོག་པ་དང་སྨན་དོན་མི་སྣས་སྨན་ཁང་ནས་ཕྱིར་ཐོན་པའི་དཔང་ཡིག་ལ་ལྟ་ཞིབ་བྱེད་སྐབས་ནད་པ་ནི་བུད་མེད་ཅིག་ཡིན་པ་དང་།གཟའ་འཁོར་གཅིག་སྔོན་ལ་བུ་སྣོད་དང་མཁལ་མ་གཡས་པ་གཅོད་པའི་གཤགས་བཅོས་ལྗིད་མོ་བྱས་ཡོད་པ་ཚོར།  མི་དམངས་ཉེན་རྟོག་པ་དང་ཀོང་རྩེད་ར་འཕྲོད་བསྟེན་ཁང་གི་སྨན་པས་མྱུར་དུ་རླངས་འཁོར་བསྐོར་ཏེ་ཟམ་སྣེ་ལ་སོང་ནས་ལྟ་ཞིབ་བྱེད་དུས་བུད་མེད་ཀྱིས་རྨ་ཁའི་ན་ཟུག་མ་བཟོད་པར་འཁུན་སྒྲ་འབྱིན་བཞིན་ཡོད་ཅིང་ཚེ་སྲོག་རྒྱུན་ལྡན་ཡིན་ན་ཡང་ལུས་སྟོབས་ཧ་ཅང་ཞན་པ་མཐོང་།མི་དམངས་ཉེན་རྟོག་པ་དང་ལས་དོན་མི་སྣས་འཕྲལ་དུ་རྫོང་བཀོད་འདོམས་པུའུ་དང་། རྫོང་འབྲེལ་ཡོད་སྡེ་ཁག  ཀོང་རྩེད་ར་གྲོང་རྡལ་བཅས་ཀྱི་འགན་འཁུར་བར་སྙན་སེང་ཞུས་པ་མ་ཟད་ཚ་སོབ་སོབ་ཀྱི་ཐུག་པ་ཕུར་པ་གསུམ་ཁོ་ཚོར་གནང་བ་རེད། བྱམས་བརྩེའི་སྐད་ཆ་དྲོན་མོས་ནད་པ་ལ་སེམས་འགུལ་ཟབ་མོ་ཐེབས་སུ་བཅུག་ཅིང་མིག་ནས་མཆི་མ་བཞུར་ཞོར་བཀའ་དྲིན་ཡང་ཡང་ཞུས།

   གྲོང་རྡལ་སྲིད་གཞུང་དང་མི་དམངས་ཉེན་རྟོག་པས་འཕྲལ་དུ་རླངས་འཁོར་བཀོད་སྒྲིག་བྱས་ནས་དཀའ་ངལ་ཡོད་པའི་ཡུལ་མི་གསུམ་པོ་སྨར་ཁམས་ལ་བསྐྱལ་རྒྱུའི་འཆར་གཞི་འཐེན་པ་རེད། སྨན་པའི་མཛུབ་ཁྲིད་འོག་ཕྱོགས་ཡོངས་ནས་འགོག་སྲུང་བྱ་ཐབས་ཡག་པོ་སྤྱད་ནས་ཆུ་ཚོད་ལྔ་ལྷག་གི་དུས་ཡུན་བརྒྱུད་པ་ན་ནད་པ་དང་ཉེ་མི་གཉིས་པོ་བདེ་འཇགས་ངང་འཇོལ་རྫོང་ཧྥོ་ཧྲན་ཤང་དང་བོད་ལྗོངས་སྨར་ཁམས་རྫོང་གི་ས་མཚམས་སུ་ཡོད་པའི་རྫོང་སྲིད་གཞུང་གི་ལས་དོན་མི་སྣ་དང་ནང་མི་ལ་རྩིས་སྤྲོད་བྱས་པ་རེད།  ལས་བྱེད་མི་སྣ་ཕྱིར་རིམས་ནད་སྔོན་འགོག་ཚོད་འཛིན་ས་ཚིགས་སུ་སླེབས་དུས་དགོང་མོའི་ཆུ་ཚོད་བཞི་བར་སླེབས་འདུག 

དཀའ་ངལ་མྱོང་བའི་ཡུལ་མི་བདེ་ལེགས་ངང་སྨར་ཁམས་ཀྱི་ས་མཚམས་སུ་བསྐྱལ་བ།