བདེ་ཆེན་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་སྔོན་རྒྱལ་ཡོངས་ཀྱི་ས་གནས་མང་པོར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ཀྱི་རིམས་ནད་ཐོན་པར་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་པ་དང་ཆབས་ཅིག་ཚོགས་འདུ་ཐེངས་མང་འཚོགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་དང་དོན་འཁྱོལ་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྤེལ་ཡོད། མིག་སྔར་བདེ་ཆེན་ཁུལ་གྱི་ས་ཁོངས་སུ་རིམས་ནད་བྱུང་མེད།

སྨན་པས་ལྟོག་ཞིབ་བྱ་ཡུལ་གྱི་མི་སྣའི་གཞི་གྲངས་རྩིས་ལེན་བྱེད་བཞིན་པ།

     ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་བརྡ་ལན་དང་ལེན་བྱ་ཆེད། བྱ་ཐབས་ཁག་20བཏོན་ནས་བདེ་ཆེན་ཁུལ་ཕྱི་ནང་དུ་འགྲོ་འོང་བྱེད་མཁན་ཡུལ་སྐོར་བོགས་བླངས་རླངས་འཁོར་དང་།འགྲུལ་སྐྱེལ་དུས་གཏན་རླངས་འཁོར། བདལ་གཏོང་རླངས་འཁོར། སྤྱི་སྤྱོད་རླངས་འཁོར། གྲོང་གསེབ་ཀྱི་ལམ་ཐག་ཐུང་བའི་འགྲུལ་སྐྱེལ་རླངས་འཁོར་བཅས་གནས་སྐབས་གཏོང་མཚམས་འཇོག་པ་དང་བདེ་ཆེན་ས་ཁོངས་ཀྱི་གཙང་རྒྱུད་དང་ཆུ་བོའི་གྲུ་ཁ་བཀག་པ་མ་ཟད།བདེ་ཆེན་དུ་སྐྱོད་མཁན་ཚང་མར་གཟུགས་པོའི་དྲོད་ཚད་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་ཐོ་འགོད་བྱས་པ་རེད།ཁུལ་ཡོངས་སུ་གནས་གཏན་འཁེལ་གྱི་སྨན་ཁང་3དང་། ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཁང5  ལུས་དྲོད་ཚད་འཇལ་ས་ཚིགས་38བཅས་བཙུགས་ནས་ཉིན་ལྟར་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་ལས་དོན་ནན་ཏན་གྱིས་བསྒྲུབས་ཡོད།ཁུལ་ཡོངས་སུ་ཞིབ་བཤེར་བྱ་ཡུལ་6བཙུགས་པ་དང་ད་ཆ་མི་84ཞིབ་བཤེར་བྱ་ཡུལ་དུ་མུ་མཐུད་ལྟ་ཞིབ་བྱེད་ཀྱི་ཡོད་པ་རེད། ཁུལ་ཡོངས་སུ་གཟུགས་པོའི་དྲོད་ཚད་ལྟ་ཞིབ་ཚད་ལེན་ས་ཚིགས་18བཙུགས་པའི་ནང་སེམས་ཀྱི་ཉི་ཟླ་གནམ་ཐང་དུ་ས་ཚིགས་1དང་།ཁུལ་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་སུ་1   སུང་ཡོན་ཟམ་པར་ས་ཚིགས་1  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ས་ཚིགས་5  འཇོལ་རྫོང་དུ་ས་ཚིགས5  འབའ་ལུང་རྫོང་དུ་ས་ཚིགས་5བཅས་ཡོད་པ་རེད།  ཁྱོན་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་མི་ཐེངས་705ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་།སྨན་ཁང་དུ་བསྡད་ནས་མི་ཐེངས་22ལ་ལྟ་ཞིབ་ཚད་ལེན་བྱས་པ།ཁྱོན་བསྡོམས་མི་ཐེངས་26957ལ་ལྟ་ཞིབ་ཚད་ལེན་བྱས་པ་རེད།

མགྲོན་ཁང་སོགས་སུ་དུག་སེལ་བྱེད་བཞིན་པ།

      བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་གཙོ་གནད་མི་ཚོགས་གྲལ་བཤེར་དང་རྗེས་འདེད་དོ་དམ་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིགལུས་པའི་ཡུལ་སྐོར་བར་ལས་དོན་ཡག་པོ་བསྒྲུབས་ནས་ཡུལ་སྐོར་བ་གཅིག་སྡུད་བཀོད་སྒྲིག་གི་མགྲོན་ཁང་བཀོད་སྒྲིག་བྱས་པ་དང་འབྲེལ་མགྲོན་ཁང་ཁག་ལ་དུས་ཐོག་ཏུ་དུག་སེལ་ཞིབ་བཤེར་བྱས་པ་དང་།ཡུལ་སྐོར་བར་ཉིན་རེའི་ལུས་དྲོད་ལྟ་ཞིབ་ཚད་ལེན་ཐེངས་གཉིས་བྱས་པ་མ་ཟད། དུས་ཐོག་ཏུ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ་རེད།གཙོ་གནད་མི་སྣའི་གྲལ་བཤེར་ཐད་ཀྱི་ལྟ་ཞིབ་ཚད་ལེན་ཐད་རྫོང(གྲོང་ཁྱེར)ཁག་དང་ཆུས་ཁག་གིས་གྲལ་བཤེར་བྱས་པ་བརྒྱུད། མིག་སྔར་རང་ཁུལ་དུ་ཝུའུ་ཧན་ནས་ཕྱིར་ལོག་པའམ་ཡང་ན་ལམ་བར་དུ་ཝུའུ་ཧན་བརྒྱུད་པའི་མི་སྣ་91ལ་གྲལ་བཤེར་བྱས་པ་དང་། ཝུའུ་ཧན་གྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་76ལ་གྲལ་བཤེར་བྱས་པ་རེད།འདིའི་ནང་གཙོ་གནད་མི་སྣ་ཞིབ་བཤེར་བྱ་ཡུལ་དུ་བསྐྱོད་ནས་ལྟ་ཞིབ་བྱས་པ་དང་། དེ་བྱིངས་ཀྱི་མི་སྣ་རྒྱུན་ལྡན་ཡིན་པ་རེད།ཁུལ་ཡོངས་ཀྱི་གཙོ་གནད་ས་ཁུལ་གྱི་ལས་མི་དང་། ཡུལ་སྐོར། གཞུང་དོན་སོགས་ཀྱི་གནས་ཚུལ་གྲལ་བཤེར་བྱེད་བཞིན་ཡོད་པ་དང་མིག་སྔར་དམིགས་བསལ་གནས་ཚུལ་གྱི་སྙན་ཞུ་མེད། 

རང་གི་ལས་གནས་བརྟན་སྲུང་བྱེད་བཞིན་པ།

   མིག་སྔར་ཁུལ་ཡོངས་ཀྱིས་རིམས་ནད་ཐོན་ཁུལ་གྱི་ཕ་ཡུལ་དུ་ལོག་པའི་མི་སྣར་ས་གདན་རྣམ་པའི་གྲལ་བཤེར་བྱེད་པ་དང་འབྲེལ་གསལ་བཤད་ཡི་གེ་འཇོག་པ། དུག་སེལ་དངོས་རྫས་སྤྲོད་པ་བཅས་བྱས་ནས་ཁྱིམ་སྡོད་ལྟ་ཞིབ་ཚད་ལེན་དང་རྗེས་སྙེག་ལྟ་ཞིབ་ཚད་ལེན་དོ་དམ་བྱེད་ཀྱི་ཡོད་པ་རེད། མིག་སྔར་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་པ་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁུལ་ཡོངས་ཀྱི་གོང་འོག་ཀུན་སེམས་པ་གཅིག་སྒྲིལ་ཀྱི་ཆོད་སེམས་ཡོད་པས་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་པ་རེད།

སྨན་བཅོས་རྟོག་ཞིབ་བྱ་ཡུལ།