བོད་ཁུལ་གྱི་གཞུང་ཕྱོགས་འཕྲིན་སྟེགས་འདི་དག་ལ་ཡིད་ཆེས་བྱ་རུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-04   རྩོམ་ཁུངས།    གངས་ལྕོངས་ཉི་གཞོན།

  ད་ཐེངས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གཙོ་བོ་བྱས་པའི་རྒྱལ་ནང་གི་གྲོང་ཁྱེར་དང་ས་གནས་སོ་སོ།  དེ་བཞིན་ཕྱིའི་རྒྱལ་ཁབ་ཁ་ཤས་སུ་གློ་བའི་རིམས་ནད་གསར་པ་ཞིག་མཆེད་ནས་མི་རྣམས་ལ་འཇིགས་སྐུལ་སྟེར་བཞིན་ཡོད་ལ།  ང་ཚོ་མདོ་དབུས་མཐོ་སྒང་དུའང་ནད་པ་ཁ་ཤས་ཐོན་ཞིང་།  རོང་འབྲོག་མང་ཚོགས་ཀྱིས་གནས་ཚུལ་དེ་ལ་དོ་སྣང་ཆེན་པོ་བྱས་དང་བྱེད་བཞིན་ཡོད།  དེང་དུས་ནི་འཕྲིན་སྦྱོར་གསར་པའི་དུས་རབས་ཤིག་ཡིན་པས།  ལྗོངས་ཞིང་ལྔའི་གཞུང་ཕྱོགས་ཀྱི་དྲ་བ་དང་འཕྲིན་སྟེགས་སོགས་བརྒྱུད་ནས་རིམས་ནད་དེ་སྔོན་འགོག་བྱ་ཐབས་དང་རིམས་ནད་ཀྱི་གནས་བབས་སོགས་ཀྱི་སྐོར་ལ་བོད་ཡིག་དང་བོད་སྐད་ཀྱི་ལམ་ནས་ཁྱབ་བསྒྲགས་གང་མང་བྱེད་བཞིན་ཡོད།  འོན་ཀྱང་མི་སྒེར་གྱི་འཕྲིན་སྟེགས་ཆེ་གེ་མོ་དང་སྐད་འཕྲིན་ཚོགས་པ་འགའ་རེའི་ནང་དུ་རིམས་ནད་ཀྱི་གནས་ཚུལ་ཡང་དག་མ་རྟོགས་པའམ་བསམ་སྦྱོར་དང་ཀུན་སློང་མ་དག་པའི་སྒོས་གཏམ་འཆལ་གང་བྱུང་དུ་བསྒྲགས་ནས།  མི་དམངས་ལ་མགོ་སྐོར་དང་རིམས་ནད་སྔོན་འགོག་པ་བཀག་འགོག་བྱས་པའི་གནས་ཚུལ་མཆིས་པས།  རོང་འབྲོག་མང་ཚོགས་རྣམས་དེ་དག་གི་རྒྱ་ལས་ཐར་བའི་སླད་དུ་གཤམ་ལ་ངེད་རྩོམ་སྒྲིག་ཁང་གིས་ལྗོངས་ཞིང་ལྔའི་གཞུང་ཕྱོགས་ཀྱི་ཏང་གི་དུས་དེབ་ཁང་དང་ཏང་ཚགས་པར་ཁང་།  ཏང་གི་བརྙན་འཕྲིན་ཁང་གཙོ་བོ་བྱས་པའི་ལས་ཁུངས་དག་གིས་གཉེར་བའི་སྐད་འཕྲིན་སྤྱི་སྟེགས་ཁ་ཤས་འཚོལ་བསྡུས་བགྱིས་ཏེ་ངོ་སྤྲོད་བྱས་ཡོད་པས།  ཀུན་གྱིས་དེ་ལུགས་ལྟར་འཕྲིན་སྟེགས་འདི་དག་ལ་དོ་ཁུར་བྱ་བར་གཅེས། །