ཟླ2པའི་ཚེས1ཉིན་གྱི་རྒྱལ་ཡོངས་རིམས་ནད་གནས་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ2པའི་ཚེས1ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་བཟུང་བའི་ནད་པ 2590 ལ་སླེབས།

        ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚེས2ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས1ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གསར་དུ་ངོས་བཟུང་བའི་ནད་པ 2590 ལ་སླེབས་པ་དང་། དེའི་ནང་ནད་པ་ལྕི་མོའི་རིགས315 གསར་དུ་འཕར་བ་དང་། གསར་དུ་རྐྱེན་ལམ་དུ་ཤོར་མཁན་45 ལ་སླེབས་པ་ཚང་མ་ཧུའུ་པེ་ཞིང་ཆེན་གྱི་ནད་པ་རེད། གསར་དུ་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ 85 ལ་སླེབས། དོགས་ཡོད་ནད་པ4562 གསར་དུ་འཕར།

        ཟླ2པའི་ཚེས1ཉིན་གྱི་དུས་ཚོད24བར་དུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་དང་རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་བསྡོམས་རྩིས་བྱས་ཏེ་ནད་པ14380 ངོས་བཟུང་བའི་སྙན་ཞུ་འབྱོར་ཡོད། ད་ལྟ་ནད་པ་ལྕི་མོ2110 ཡོད། བསྡོམས་པས་ནད་པ304 རྐྱེན་ལམ་དུ་ཤོར་བ་དང་། ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ328 ཡོད། དོགས་ཡོད་ནད་པ་བསྡོམས་པས19544 ཡོད།

        མིག་སྔར་ནད་པ་དང་འབྲེལ་འདྲིས་ཟབ་མོ་བྱས་པའི་མི་བསྡོམས་པས་འབུམ་གཅིག་དང་ཁྲི་དྲུག་སྟོང་སྟོང་གསུམ་དང་བརྒྱད་བརྒྱ་ཞེ་བཞི་ལ་རྗེས་འདེད་རྟོག་ཞིབ་བྱེད་བཞིན་ཡོད་ལ། ཉིན་དེར་མི་སྟོང་བརྒྱད་དང་ཞེ་བཞི་ལ་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག བསྡོམས་པས་མི་འབུམ་གཅིག་དང་ཁྲི་གསུམ་སྟོང་བདུན་ལྔ་བརྒྱ་གོ་བཞི་ཡིས་གསོ་རིག་བརྟག་དཔྱད་དང་ལེན་བྱེད་ཀྱིན་མཆིས།

        ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་བསྡོམས་པས་ནད་པ 31ངོས་བཟུང་ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 14 དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ 7 ཐེ་ཝན་ས་ཁུལ་དུ་ནད་པ 10བཅས་ཡོད།