​ཡམས་ཁུལ་དུ་ཡོད་པའི་བདེ་ཆེན་གྱི་སྨན་པ་ཞིག་གིས་འདི་འདྲ་བཤད་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


སྨན་པ་ཆི་ཞང་རོང་།

        ཟླ་1པོའི་ཚེས་27ཉིན། ཡུན་ནན་ཞིང་ཆེན་གྱི་སྨན་ཁང་6ནས་སྐོང་འཐེན་བྱེད་པའི་སྨན་པ་བརྒྱ་ལྷག་གིས་སྒྲུབ་པའི་ཡུན་ནན་རོགས་སྐྱོར་སྨན་བཅོས་རུ་ཁག་འབོར་ཐེངས་དང་པོ་ཧུར་པའེ་ཝུའུ་ཧའེ་རུ་སོང་ནས་ཏོག་དབྱིབས་ནད་དུག་གསར་པའི་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་དང་སྐྱོབ་བཅོས་བྱེད་པ།བདེ་ཆེན་གྱི་མི་ཡིན་པའི་ཡུན་ནན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་སྨན་པ་ཆི་ཞང་རོང་དེར་ཞུགས་ཡོད་དེ།ཁ་སང་གསར་འགོད་པས་ཁ་པར་གྱི་ཐོག་ནས་ཆི་ཞང་རོང་ལ་བཅར་འདྲི་བྱས་ཐུབ་བྱུང་།

        ཆི་ཞང་རོང་གིས་སྨན་བཅོས་རུ་ཁག་ནི་ཟླ་1པོའི་ཚེས་27ཉིན་ཧུར་པའེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་དུ་ཕེབས་པ།མིག་སྔར་ཁོ་རང་ཞན་ཉིང་གྲོང་ཁྱེར་ཐུང་ཁྲེང་རྫོང་མི་དམངས་སྨན་ཁང་དུ་ཡོད།ཉིན་བཞིན་གྱི་ལས་ཀ་ནི་ཏོག་དབྱིབས་ནད་དུག་གསར་པའི་འགོས་པའི་གློ་ཚད་རིམས་ནད་ཀྱི་ནད་པ་ལ་ནད་གཞི་གཏན་འཁེལ་བྱེད་པ་རེད་ཅེས་བཤད་པ་དང་ཡུལ་མི་ཚོས་མི་མང་འདུ་འཛོམས་མི་བྱེད་པ་དང་ཁ་རས་གྱོན་པ། ཁང་པའི་ནང་དུ་དབུགས་བརྒྱུག་བཅུག  ལག་པ་གང་མང་བཀྲུ་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་བྱེད་རོགས་ཞེས་བཤད་པ།