ལྗོངས་ཞིང་ལྔའི་ནད་ཡམས་ཀྱི་གནས་ཚུལ་གསར་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-01   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན།

        རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་2ཚེས་1ཉིན་གྱི་ཆུ་ཚོད་09:58བར། རྒྱལ་ཡོངས་སུ་ཁྱོན་སྡོམ་ཏོག་དབྱིབས་གློ་ཚད་ནད་ཡམས་གསར་པ་འགོས་པའི་ནད་པ་ 11821 དང་། དོགས་ཡོད་ནད་པ་ 17988  རྐྱེན་ལམ་དུ་ཤོར་བའི་ནད་པ་ 259  དྲག་སྐྱེད་བྱུང་བའི་ནད་པ་ 243 བཅས་བྱུང་ཡོད།

        དེ་དག་ལས་བོད་ལྗོངས་ལྷ་ས་རུ་ནད་པ་1དང་། སི་ཁྲོན་དུ་ནད་པ་207(དཀར་མཛེས་ཁུལ་དུ་ནད་པ་5་དང་། རྔ་བ་ཁུལ་དུ་ནད་པ་1) མཚོ་སྔོན་ཟི་ལིང་དུ་ནད་པ་8། ཀན་སུའུ་རུ་ནད་པ་35། ཡུན་ནན་དུ་ནད་པ་83བཅས་ཐོན་ཡོད།