འདི་ནི་བདེ་ཆེན་དམངས་ཚོགས་ཀྱི་རིམས་འགོག་བྱེད་སྟངས་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ་1པོའི་ཚེས་29ཉིན། བདེ་ཆེན་ཁུལ་གྱིས་ཡུན་ནན་ཞིང་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་གྱི་གློ་བུར་དུ་བྱུང་བའི་དོན་རྐྱེན་གལ་ཆེན་གྱི་རིམ་པ་དང་པོའི་དང་ལེན་བྱེད་ཐབས་20དོན་འཁྱོལ་བྱས་ནས།ཁུལ་ཡོངས་ཀྱིས་སྤྱི་པའི་རིག་གནས་འདུ་ར་དང་མཛེས་ལྗོངས་ཁུལ་སྒོ་རྒྱག་པ།ཡུལ་སྐོར་ཚོགས་པར་གནས་སྐབས་སྣེ་ལེན་བྱེད་མཚམས་འཇོག་པ།རྒྱལ་ཁབ་སྤྱི་ནང་གི་ཡུལ་སྐོར་ཚོགས་པས་ཚོགས་པ་རྩ་འཛུགས་དང་ཚོགས་པ་གཏོང་རྒྱུ་གནས་སྐབས་མཚམས་འཇོག་བྱེད་པ།བྱེད་སྒོ་དང་ཚོགས་འདུ་ཆེ་གྲས་གནས་སྐབས་མཚམས་འཇོག་བྱེད་པ།གློག་བརྙན་ཟློས་གར་ཁང་དང་དཔེ་དེབ་ཁང་།བོད་སྲོལ་སྤྲོ་ཁང་།ནང་མ་ཁང་།སྐར་མ་རིམ་པའི་མགྲོན་ཁང་ནང་གི་ཆང་ཁང་དང་ཇ་ཁང་།དྲ་ཁང་།གླུ་གར་རོལ་རྩེད་བྱ་ཡུལ།ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱ་ཡུལ་སོགས་གཉེར་སྐྱོང་བྱེད་མཚམས་འཇོག་པ།དགོན་སྡེ་སོགས་ཆོས་ལུགས་བྱེད་སྒོའི་སྤེལ་ཡུལ་གནས་སྐབས་མཚམས་འཇོག་ཏུ་འཇུག་པ་རེད།བྱེད་ཐབས་འདི་ཁྱབ་བསྒྲགས་གཏོང་ནས་བཟུང་།བདེ་ཆེན་མང་ཚོགས་ཀྱིས་དང་ལེན་ཧུར་ཐག་བྱས་པ་དང་རང་ཁྱིམ་ནང་བསྡད་དེ་ཁྱིམ་མི་དང་སེམས་གཏམ་བཤད་པ།ཞིམ་ཟས་བཟོ་བ།བྱིས་པ་དང་རྩེད་མོ་རྩེ་བ་སོགས་ཀྱི་སྒོ་ནས་ལོ་སར་གཏོང་ཡོད།བྱེད་ཐབས་འདི་ཁྱབ་བསྒྲགས་གཏོང་ནས་བཟུང་།བདེ་ཆེན་མང་ཚོགས་ཀྱིས་དང་ལེན་ཧུར་ཐག་བྱས་པ་དང་རང་ཁྱིམ་ནང་བསྡད་དེ་ཁྱིམ་མི་དང་སེམས་གཏམ་བཤད་པ།ཞིམ་ཟས་བཟོ་བ།བྱིས་པ་དང་རྩེད་མོ་རྩེ་བ་སོགས་ཀྱི་སྒོ་ནས་ལོ་སར་གཏོང་ཡོད །










འདི་ནི་བདེ་ཆེན་དམངས་ཚོགས་ཀྱི་རིམས་འགོག་བྱེད་སྟངས་ཡིན།