མཁས་དབང་ཀྲུང་ནན་ཧྲན་གྱི་དྲན་སྐུལ་འདི་དག་ལ་གཟབ་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-31   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན།


གཙོ་ཆེ་ཤོས་ནི་གང་སར་མ་ཕྱིན་པར་སྡོད་ཚུགས་པོ་བྱ་རྒྱུ་དེ་རེད།

འདུ་འཛོམས་ལ་མ་ཞུགས་པར་རིམས་ནད་འགོས་རྒྱུར་སྔོན་འགོག་བྱེད་དགོས།

ཕྱིར་སྐྱོད་སྐབས་ཁ་རས་གྱོན།  N95 རྟགས་ཅན་གྱི་ཁ་རས་མིན་ནའང་ཆོག

ཁ་རས་འབུད་སྐབས་ཀྱང་ཡིད་གཟབ་བྱ་དགོས། བཙོག་པ་གོས་པའི་ངོས་དེར་འཇུ་མི་རུང་།

ཁ་ངོ་ལག་བཤལ་བྱ་རྒྱུར་དོ་སྣང་མཛོད། དེ་ནི་རང་གཞན་གཉིས་ཀར་སྲུང་སྐྱོབ་བྱེད་པ་ཞིག་ཡིན།

ཚ་བ་རྒྱས་ན་ཁྱིམ་དུ་མ་བསྡད་པར་ལམ་སེང་སྨན་ཁང་ལ་ཕེབས།

ཉེ་དུས་ཝུ་ཧན་ནས་ཡོང་བའི་མི་དང་ཐུག་མྱོང་བ་ཚོས་སྨན་ཁང་དུ་ཕེབས་ནས་བརྟག་དཔྱད་མཛོད།

དཔྱིད་གསར་རྗེས་ལས་གནས་ཐོག་ལོག་མཁན་འགྲུལ་པ་ཚོས་ལུས་དྲོད་བརྟག་དཔྱད་ཡང་ཡང་མཛོད།

སྔོན་ལ་རང་གིས་རང་ལ་སྲུང་སྐྱོབ་གནོངས། དེ་ལྟར་བྱས་ན་ཁྱེད་ཀྱིས་གཞན་ལ་སྲུང་སྐྱོབ་ཐུབ།