ཀོང་རྩེད་རའི་དཔྱིད་ཀའི་སྣང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཔྱིད་གསར་དུས་ཆེན་གྱི་སྐབས་སུ།འཇོལ་རྫོང་ཀོང་རྩེད་རའི་ཡུལ་དུ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས་འདུག ནས་ཞིང་གྲུ་བཞིའི་ནང་གི་དགུན་གྲོ་ཡང་མཐོ་ཚད་མཐོ་གཉིས་ཙམ་སྐྱེས་འདུག་ལ། ཡུལ་མིའི་ར་སྐོར་ནང་དུའང་སྔོ་ཚལ་རིགས་སྣ་མང་སྐྱེས་ནས་སྔོ་ལྗང་ངེར་ཡོད་པ་རེད།

    འཇོལ་རྫོང་ཀོང་རྩེད་ར་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སྤྱི་ལེ་བརྒྱད་ཅུ་ཙམ་ཡོད་པ་དང་།རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་༢༠༢༢ཡོད།འབྲི་ཆུའི་འགྲམ་རྒྱུད་དུ་ཆགས་པས་གནམ་གཤིས་ཅུང་དྲོ་བ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།ཡུལ་འདིའི་ཡུལ་མི་རྣམས་ཀྱིས་ལོ་རེར་ལོ་ཏོག་ཐེངས་གཉིས་རེར་འདེབས་ཀྱི་ཡོད་དེ།སྤྱིར་ཟླ་བཅུ་བའི་ཟླ་སྨད་དུ་དགུན་གྲོ་འདེབས་པ་དང་།ཕྱི་ལོར་ཟླ་ལྔ་བ་དང་དྲུག་པའི་སྐབས་སུ་གྲོ་བསྡུ་བར་བྲེལ།དེ་རྗེས་རང་གི་དགོས་མཁོར་གཞིགས་ནས་མ་རྨོས་ལོ་ཏོག་དང་ཞི་ཀྭ་སོགས་འདེབས་བཞིན་ཡོད།དེ་མིན་ཡུལ་མི་རྣམས་ཀྱིས་སྔོ་ཚལ་རིགས་སྣ་མང་བཏབ་ནས་དུས་ཚིགས་བཞི་བོར་གཞི་རྩའི་ཐོག་ནས་རང་གི་འཚོ་བའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།




ཡུལ་མིའི་ར་སྐོར་ནང་སྐྱེས་པའི་སྔོ་ཚལ་སྣ་ཚོགས།

སྔོ་ལྗང་ངེར་ཡོད་པའི་ནས་ཞིང་།

འཇོལ་རྫོང་ཀོང་རྩེད་ར་གྲོང་ཚོའི་ཟུར་ཞིག