བདེ་ཆེན་གྱི་དགོན་སྡེ་ཁག་གིས་ཆོས་ལུཊ་བྱེད་སྒོ་སྤེལ་མཚམས་བཞག་པའི་བརྡ་ཡིག་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་ཀར་ཤུགས་སྣོན་དང་མི་ཚོགས་ཀྱི་དབང་གིས་ཕན་ཚུན་འགོ་བ་གཏན་འགོག་བྱ་ཆེད་སུམ་རྩེན་གླིང་དགོན་པ་ཟླ་1པའི་ཚེས་25ཉིན་ནས་བཟུང་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་མིན་པའི་བརྡ་ཡིག་བཏང་བ་རེད།  ཡུལ་སྐོར་ལྟེ་གནས་སུ་ཕྱི་ཕྱོགས་ལ་སྒོ་བརྒྱབ་ཟིན་ལ། མཛེས་ལྗོངས་ཁུལ་གྱི་སྒོ་འགྲམ་གྱི་སྤ་སེ་འཚོང་ཁང་དང་དེ་བཞིན་མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་ཁག་ཏུ《སུམ་རྩེན་གླིང་དགོན་པ་སྒོ་རྒྱག་པའི་སྤྱི་བསྒྲགས》སྦྱར་འདུག ལྗོངས་ཁུལ་གྱི་ལས་རེས་ལས་དོན་མི་སྣ་དང་རྒྱལ་ཐང་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁ་ཐུམ་གྱོན་ནས་མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་ཁག་ཏུ་བསྡད་དེ་ཡུལ་སྐོར་བར་རླངས་འཁོར་ཕྱིར་ལྡོག་བྱེད་འཇུག་བཞིན་ཡོད།

དགའ་ལྡན་སུམ་རྩེན་གླིང་།

        དགའ་ལྡན་སུམ་རྩེན་གླིང་དགོན་པས་རྒྱལ་ཁབ་དང་ཞིང་ཆེན་གྱི་ནང་བསྟན་མཐུན་ཚོགས་ཀྱིས་བཏང་བའི་བརྡ་ཐོའི་དགོངས་དོན་དང་། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་ཐོལ་བྱུང་སྤྱིའི་འཕྲོད་བསྟེན་དོན་རྐྱེན་གྱི་ཚད་རིམ་དང་པོའི་གནས་ཚུལ་ཡོངས་བསྒྲགས་བྱས་པའི་འབྲེལ་ཡོད་ཡིག་ཆ། དེ་མིན་ཁུལ་དང་གྲོང་ཁྱེར་སོགས་ཀྱི་ཆོས་ལུགས་དོ་དམ་སྡེ་ཁག་གི་མཛུབ་སྟོན་ལྟར།དགོན་པས་དཔྱིད་གསར་དུས་ཆེན་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་ཡོད་ཚད་སྤེལ་མཚམས་བཞག་པ་མ་ཟད། དད་ལྡད་མང་ཚོགས་ཀྱིས་དགོན་པ་ནས་མཆོད་མཇལ་དང་བསང་གཏོང་བ་སོགས་བྱེད་མི་ཆོག་པ་ཐག་གཅོད་བྱས་པ་རེད།

        རིགས་ལྔ་དགོན་གྱིས་ཡང་ཏོག་དབྱིབས་ནན་དུག་སྔོན་འགོག་བྱ་ཆེད་ཟླ་1པའི་ཚེས་29ཉིན་ནས་བཟུང་ཕྱི་ཕྱོགས་ལ་སྒོ་མི་འབྱེད་བརྡ་ཐོ་བཏང་།