བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་2020ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཕྱིར་འགྱངས་བྱས་པའི་བརྡ་ཐོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་2020ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཕྱིར་འགྱངས་བྱས་པའི་བརྡ་ཐོ།        

        རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་དང་།  ཁུལ་གཏོགས་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཅུས། གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ཁག་བཅས་ལ། 
        《2020ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཕྱིར་འགྱངས་བྱས་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྤེལ་བའི་ཡོངས་བསྒྲགས་འཕྲིན་〔2020〕ཨང་དང་པོ)དང་།《ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་2020ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཕྱིར་འགྱངས་བྱེད་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》(ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དོན་ཐིང་གིས་སྤེལ་བའི་ཡོངས་བསྒྲགས་འཕྲིན་〔2020〕ཨང་གསུམ་པའི་)ཡིག་ཆའི་དགོངས་དོན་གཞིར་བཟུང་། ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་2020ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཕྱིར་འགྱངས་བྱས་པའི་ཞིབ་ཕྲའི་བཀོད་སྒྲིག་བརྡ་ཐོ་གཤམ་གསལ་ལྟར། 
        གཅིག 2020ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཟླ་2ཚེས་2ཉིན་(ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་དགུ་དང་གཟའ་ཉི་མ)བར་ཕྱིར་འགྱངས་བྱས་ཡོད་ལ། ཟླ་2ཚེས་3ཉིན་(གཟའ་ཟླ་བ)ནས་བཟུང་རྒྱུན་ལྡན་ལྟར་ལས་ཀར་ཞུགས་དགོས། 
        གཉིས། ཁུལ་ཡོངས་ཀྱི་སློབ་ཆེན་དང་ཆེད་ཚན་སློབ་གྲྭ་དང་། སློབ་གྲྭ་འབྲིང་ཆུང་། བུ་བཅོལ་ཁང་བཅས་སློབ་འགོ་ཚུགས་པའི་དུས་ཚོད་ཕྱིར་འགྱངས་བྱས་ཏེ་ཞིབ་ཕྲའི་དུས་ཚོད་སློབ་གསོའི་སྡེ་ཚན་གྱིས་ལོགས་སུ་བརྡ་ཐོ་གཏོང་དགོས། 
        གསུམ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དབང་གིས་གུང་གསེང་གཏོང་མི་ཐུབ་པའི་ལས་བཟོ་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ངལ་གསོའི་ཁ་གསབ་བཀོད་སྒྲིག་བྱེད་དགོས་པ་དང་།གུང་གསེང་མ་བྱས་པའི་དུས་ཡུན་གྱི་གླ་ཕོགས་དེ་འབྲེལ་ཡོད་སྲིད་ཇུས་ལྟར་དོན་འཁྱོལ་འགན་ལེན་བྱ་དགོས། 
          བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས།
                                    2020ལོའི་ཟླ་1ཚེས་29ཉིན་ཕབ།