རྒྱལ་ཐང་བའི་འབྱར་འཁུར་དང་ཟས་སྣ་བཟོ་སྟངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


འབྱར་འཁུར།

ཟས་སྣ།

        འབྱར་འཁུར་དང་ཟས་སྣ་ནི་རྒྱལ་ཐང་ལུང་པའི་མང་ཚོགས་དག་གིས་དུས་ཆེན་དང་ལོ་གསར།  བག་སྟོན་སོགས་རྒྱག་དུས་མེད་དུ་མི་རུང་བའི་ཟས་རིགས་སྣ་གཉིས་ཡིན་ལ། ལུང་པ་དང་ས་ཆ་མི་འདྲ་བའི་རྐྱེན་གྱིས་བཟོ་སྟངས་ཅུང་མི་འདྲ་བ་ཡོད།

        དང་པོ་འབྱར་འཁུར་ནི་འབྱར་ཕྱེ་ཡིས་བཟོ་བ་དང་། འབྱར་ཕྱེ་ནང་སྐྱུར་ཁུ་བླུགས་ཏེ་དཀྲུགས་ནས་སྣུམ་ནང་བཙོས་དགོས། དུས་རྒྱུན་གྱི་བཤད་སྲོལ་དུ་འབྱར་འཁུར་བཟོ་དུས་ཅུང་སླ་པོ་བཟོ་ན་འཁུར་བ་དེ་ཞིམ་པོ་བྱུང་ཐུབ་པ་རེད།

        གཉིས་པ་ཟས་སྣ་ནི་གྲོ་ཕྱེ་ནང་སྐྱུར་ཁུ་བླུགས་ནས་དཀྲུགས་པ་དང་།  ཤིང་ལེབ་ཐོག་ཀན་ཁྲང་གིས་ལེབ་ལེབ་བཟོ་་ནས་རང་གི་དགོས་མཁོ་ལྟར་གཏུབ་རྗེས་སྣུམ་ནང་བཙོས་པ་རེད།