ཝང་དབྱི་ཀྲི་དང་ཆི་ཅན་ཤིན་གྱིས་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཡུལ་དངོས་ཞིབ་བཤེར་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་1ཚེས་27ཉིན་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཆི་ཅན་ཤིན་གྱིས་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་། དུས་ཆེན་རིང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གཡུལ་སའི་མདུན་ཕྱོགས་ན་འབད་འཐབ་བྱེད་བཞིན་པའི་སྨན་པ་དང་སྡེ་ཚན་ཁག་གི་བློ་མཐུན་ཚོར་འཚམས་འདྲི་གནང་བ་རེད། ཚང་མས་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གཡུལ་འཐབ་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དེ། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་རེ་ བ་བཏོན།

 ཝང་དབྱི་ཀྲི་དང་ཆི་ཅན་ཤིན་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་སོང་ནས་འཚམས་འདྲི་དང་ཡུལ་དངོས་ཞིབ་བཤེར་བྱེད་བཞིན་པ།

        ཝང་དབྱི་ཀྲི་དང་ཆི་ཅན་ཤིན་བཅས་ཐོག་མར་བདེ་ཆེན་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་སོང་ནས་སྔོན་འགོག་ཚོད་འཛིན་མི་སྣར་གཟིགས་སྐྱོང་དང་འཚམས་འདྲི་གནང་ལ། རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འཕྲལ་སྡོམ་དཔུང་ཁག་དང་འཕྲལ་སྡོམ་དངོས་ཟོག་གྲ་སྒྲིག་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཡུལ་དངོས་ནས་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་PCRཚོད་ལྟ་ཁང་ལ་དང་། སྒྲིག་ཆས། ཞིབ་དཔྱད་ཚད་ལེན་གནས་ཚུལ་སོགས་ལ་ལྟ་ཞིབ་བྱས་པ་མ་ཟད། ད་དུང་ཁུལ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་འགོས་པའི་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསན་པ་རེད། དེ་མིན་ཝང་དབྱི་ཀྲི་དང་ཆི་ཅན་ཤིན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པར་བཀའ་དྲིན་དང་བྱམས་བརྩེའི་འཚམས་འདྲི་ཞུས་ཤིང་། ཚང་མས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ནས་འགོ་བཙུགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་དང་དངོས་ཡོད་ཀྱི་དགོས་གཏུགས་རང་བཞིན་གསལ་རྟོགས་ཀྱིས་རང་ ཁུལ་གྱི་རིམས་ནད་ཞིབ་དཔྱད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས་པའི་རེ་བ་ཞུས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མི་སྣས་རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱེད་པ་དང་འབྲེལ་དམིགས་བསལ་དུས་སྐབས་ཀྱི་རིམས་འགོག་སྟོབས་ཤུགས་བཀོད་སྒྲིག་ཡག་པོ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས་པ་བསྟན། 

  ཝང་དབྱི་ཀྲི་དང་ཆི་ཅན་ཤིན་གྱིས་ཅིན་ཆའོ་ན་ལས་གནས་བརྟན་སྲུང་བྱས་ཡོད་པའི་ཉེན་རྟོག་པར་འཚམས་འདྲི་དང་ཡུལ་དངོས་ཞིབ་བཤེར་བྱེད་བཞིན་པ།

        ཅིན་ཆའོ་ཉོ་ཚོང་ཁྲོམ་རའི་སྤྱི་བདེ་ལས་སྒྲུབ་ས་ཚིགས་སུ་ཝང་དབྱི་ཀྲི་དང་ཆི་ཅན་ཤིན་གྱིས་ལས་སྒྲུབ་ལས་འགན་སྒྲུབ་བཞིན་པའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་ཞུས་པ་དང་ཁུལ་ཡོངས་ཀྱི་སྤྱི་བདེ་འཐབ་ཕྱོགས་ཀྱི་ལས་སྒྲུབ་མི་སྣས་དཔྱིད་གསར་དུས་ཆེན་དང་རིམས་འགོག་དམིགས་བསལ་དུས་སྐབས་སུ་ཉིན་མཚན་མེད་པར་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་ཀྱིས་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་པའི་སྙིང་སྟོབས་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད། ཝང་དབྱི་ཀྲིས་རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་རེད། སྤྱི་བདེ་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཀྱིས་བསམ་བློའི་ངོས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་འཐབ་ཕྱོགས་ཀྱི་འདུ་ཤེས་བཙུགས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་བསྟན།

ཝང་དབྱི་ཀྲི་དང་ཆི་ཅན་ཤིན་གྱིས་ཁུལ་མི་དམངས་སྨན་ཁང་དུ་འཚམས་འདྲི་དང་ཡུལ་དངོས་ཞིབ་བཤེར་བྱེད་བཞིན་པ།

        བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་ཝང་དབྱི་ཀྲི་དང་ཆི་ཅན་ཤིན་བཅས་པས་སྨན་ཁང་དུ་ཚ་བ་རྒྱག་བཞིན་པའི་ནད་པར་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ལ་དངོས་སུ་བཅར་འདྲི་བྱས་པ་དང་། ནད་བརྟག་ལྟ་ཞིབ་ཚད་ལེན་ཁང་ནས་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་བཅོས་ཁང་དུ་བསྐྱོད་དེ་འཐབ་ཕྱོགས་དང་པོའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་ནས་སྨན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་གྲ་སྒྲིག་ཁག་ལ་ཁས་ལེན་གང་ལེགས་གནང་དགོས་པའི་རེ་འདུན་ཞུས་ཤིང་། ཝང་དབྱི་ཀྲིས་ད་ལྟའི་ལས་དོན་མཐའ་དག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་པའི་མཐར་ཐུག་གི་དམིགས་ཚད་དེར་དམ་པོར་དམིགས་ཏེ་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱེད་པ་དང་ཆབས་ཅིག་རང་ཉིད་ཀྱང་སྲུང་སྐྱོང་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་།

ཝང་དབྱི་ཀྲི་དང་ཆི་ཅན་ཤིན་གནམ་གྲུ་ཐང་དུ་སོང་ནས་འཚམས་འདྲི་དང་ཡུལ་དངོས་ཞིབ་བཤེར་བྱེད་བཞིན་པ།

        ཝང་དབྱི་ཀྲི་དང་ཆི་ཅན་ཤིན་བཅས་པ་ད་དུང་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཡུལ་དངོས་ཞིབ་བཤེར་བྱེད་པར་བསྐྱོད་དེ་གཙོ་གནད་ཐོག་གནམ་གྲུ་ཐང་གི་དྲོད་ཚད་ལྟ་ཞིབ་ཚད་ལེན་བྱ་ཡུལ་དང་། ལོགས་དབྱེའི་ས་ཁོངས།  གནམ་གྲུ་སྒུག་སའི་ཚོམས་ཆེན། སྨན་བཅོས་འགོག་སྲུང་དངོས་རྫས་དང་དེ་བཞིན་དུག་སེལ་མཁོ་ཆས་སོགས་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་དང་གནམ་གྲུ་ཐང་གི་འཐབ་ས་དང་པོའི་སྔོན་འགོག་ཚོད་འཛིན་མི་སྣ་དང་གྲོས་མོལ་བྱས་ཏེ། སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྔོན་ཇུས་དང་། ལས་ཀའི་བརྒྱུད་རིམ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་བཅས་ཤེས་རྟོགས་ཀྱང་བྱས་པ་རེད། ཝང་དབྱི་ཀྲིས་གནམ་གྲུ་ཐང་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་བ་དང་མི་སྣའི་ཡོང་ཁུངས་རྙོག་འཛིང་ཆེ་བས་བདེ་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཡུལ་གཙོ་བོ་ཞིག་རེད། ཁོང་གིས་གཅིག་ནས་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་ལས་ཀའི་ལམ་སྲོལ་དང་དངོས་ཟོག་གྲབས་གསོག་འཐུས་སྒོ་ཚང་དུ་བཏང་ནས་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནས་གཞོགས་འདེགས་དམ་ཟབ་དང་། འགན་འཁྲི་དོན་འཁྱོལ། ནན་འགོག་དང་ཚོད་འཛིན་ནན་པོ་བཅས་བྱས་ཏེ་ཕུགས་ལ་གཞི་ཚུགས་པ་དང་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་གནམ་གྲུ་ཐང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས། གསུམ་ནས་འཐབ་ས་དང་པོའི་ལས་དོན་མི་སྣའི་འཚོ་བའི་འགན་ལེན་དང་འགོག་སྲུང་བྱ་ཐབས་ཡག་པོ་སྒྲུབ་དགོས་པ་མ་ཟད། ད་དུང་ཡུལ་སྐོར་བའི་ཐུགས་ཁུར་དང་ཞབས་ཞུའི་ལས་དོན་ལ་མཐོང་ཆེན་བྱས་ཏེ་ང་ཚོའི་སྔོན་འགོག་ཚོད་འཛིན་ལས་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐུགས་ཁུར་མཉམ་སྤེལ་ཐུབ་དགོས་པ་ནན་གྱིས་བསྟན། ཀྲང་ཝེ་ཏུང་དང་།         དབྱང་ཙི་ཅང་། སུང་ཐའོ། ཝུའུ་ཞུའེ་ཀུན། ལི་ཆིང་ཕེ། ཞུས་ཀོང་ཏེ་བཅས་ཞིབ་བཤེར་དང་འཚམས་འདྲིར་ཞུགས།