ཁུལ་ཨུས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

        ཟླ་1ཚེས་27ཉིན་གྱི་སྔ་དྲོར།ཁུལ་ཨུས་ཏོག་དབྱིབས་ནད་དུག་གསར་པ་འགོས་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུ་དང་ཞིང་ཨུའི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྙན་ཞུ་ཉན་པ། ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཤིན་ཚོགས་འདུར་ཞུགས་པ།

        ཝང་དབྱི་ཀྲིས་ཏོག་དབྱིབས་ནད་དུག་གསར་པ་འགོས་བའི་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏན་ཏིག་ངང་ནུས་ལྡན་གྱི་ལས་དོན་འབོར་ཆེན་བསྒྲུབས་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

        ཝང་དབྱི་ཀྲིས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་བཏང་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་དགོས། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། མི་དམངས་ལ་འགན་འཁུར་ཚད་མེད་བྱེད་པའི་རྣམ་འགྱུར་ཐོག་ནས་རིམས་ནད་འགྱུར་ལྡོག་འགྲོ་ཚུལ་ལ་དོ་ཁུར་དམ་ཟབ་བྱེད་པ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། ཚད་ལྡན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཡག་པོ་སྒྲུབ་དགོས་ཞེས་བསྟན།

        ཝང་དབྱི་ཀྲིས་གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ཚོད་འཛིན་གྱི་བཀོད་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གཉིས་ནས་ཁྲིམས་ལྟར་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྔོན་འགོག་ཚོད་འཛིན་བྱས་ཏེ་སྔོན་འགོག་ཏན་ཏིག་བྱེད་དགོས། གསུམ་ནས་དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། བཞི་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགན་ལེན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས། ལྔ་ནས་ལས་ཀའི་སྒྲིག་ཁྲིམས་ནན་དུ་བཏང་ནས་ལས་ཀའི་འགན་འཁྲི་ཁ་གསལ་བྱེད་དགོས་པའི་བླང་བྱ་བཏོན།

        རང་ཁུལ་གྱི་འགོ་ཁྲིད་ཀྲང་ཝུའེ་ཏུང་དང་། དབྱང་ཙེ་ཅང་། སུང་ཐའོ། ཝུའུ་ཞུའེ་ཀྲུའུ། ལི་ཆིང་ཕེ། ཞའོ་ཝུའུ། སྐལ་བཟང་རྣམ་རྒྱལ། ཞུས་ཀོང་ཏེ་བཅས་ཚོགས་འདུར་ཞུགས་པ་དང་།ཁུལ་ཏོག་དབྱིབས་ནད་དུག་གསར་པའི་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་འགན་འཁུར་བ་ཚོགས་འདུར་ཞུགས་པ་དང་རང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྙན་སེང་ཡང་ཞུས་པ་རེད།