བདེ་ཆེན་གྱིས་བྱ་ཐབས་ཁག་5དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-27   རྩོམ་ཁུངས།    སེམས་ཀྱི་ཟླ་བོད་ཡིག་དྲ་བ།

        

        ཟླ་1ཚེས་26ཉིན།ཞིང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་མཇུག་སྒྲིལ་རྗེས་རང་ཁུལ་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཧའོ་ཡི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སླར་ཡང་ཞིབ་འཇུག་དང་། བཀོད་སྒྲིག་སྐུལ་སློང་བཅས་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཤིན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ།    

        ཆི་ཅན་ཤིན་གྱིས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། “ཐོག་མའི་བསམ་འདུན་དང་འགན་འཁྲི”ལག་ལེན་བསྟར་བ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱེད་དགོས་ཞེས་བསྟན།

        ཆི་ཅན་ཤིན་གྱིས་གཅིག་ནི་སྔར་ལས་ལྷག་པའི་སྒོ་ནས་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་དགོས།གཉིས་ནི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། གསུམ་ནི་མཉམ་འགོག་མཉམ་བཅོས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། བཞི་ནས་དངོས་ཟོག་འགན་ལེན་སྔར་བས་ཡག་པོ་བྱེད་དགོས། ལྔ་ནི་ཆ་འཕྲིན་ཁྱབ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་སྔར་ལས་ལེགས་པར་བྱེད་དགོས་པའི་བླང་བྱ་བཏོན།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།འཇོལ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།རང་ཁུལ་གྱི་འགོ་ཁྲིད་ཞའོ་ཝུའུ།སུང་ཐའོ།ཝུ་ཞའེ་ཀྲུའུ།དབྱང་ཧྥུང་ཞི།སྐལ་བཟང་རྣམ་རྒྱལ།ཞུ་ཀོང་ཏེ་སོགས་ཞུགས་པ།ཁུལ་ཐད་གཏོགས་སྡེ་ཁག་གི་འགན་འཁུར་བ་ཚོགས་འདུར་ཞུགས།