རང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-27   རྩོམ་ཁུངས།    སེམས་ཀྱི་ཟླ་བོད་ཡིག་དྲ་བ།

       

        ཟླ་1ཚེས་25ཉིན་གྱི་སྔ་དྲོར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཤིན་གྱིས་རང་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བྱེད་ཚུལ་གསན་པ་དང་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སླར་ཡང་བཀོད་སྒྲིག་གནང་བ་རེད།

        ཆི་ཅན་ཞིན་གྱིས་མིག་སྔར། རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཧ་ཅང་ཛ་དྲག་པོ་བྱུང་བ། བདེ་ཆེན་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བྱ་ཡུལ་ཡིན་པ་དང་། མི་འབོར་གྱི་འཁོར་རྒྱུག་རང་བཞིན་ཆེ་བས། ཁུལ་ཡོངས་གོང་འོག་གིས་ཚད་མཐོའི་དོགས་ཟོན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ངེས་པར་དུ་འགན་ལེན་བྱེད་དགོས། གཅིག་ནི་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་བཏང་སྟེ་དུས་ཐོག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། གཉིས་ནི་འཕྲལ་མར་བཀོད་སྒྲིག་དང་མགྱོགས་མྱུར་བྱ་སྤྱོད་བྱེད་དགོས། ཁུལ་དང་རྫོང(གྲོང་ཁྱེར)གིས་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་རྩ་དོན་གཞིར་བཟུང་བྱེད་པོའི་འགན་འཁྲི་ཡག་པོ་བསྒྲུབས་ནས་ཉེ་དུས་ཝུའུ་ཧན་གྱི་རིམས་ནད་ཐོན་ཁུལ་ནས་བདེ་ཆེན་དུ་ཡོང་བའི་མི་སྣར་གྲལ་བཤེར་དང་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། མཉམ་འགོག་མཉམ་བཅོས་དང་མཉམ་འགོག་མཉམ་བཅོས་བརྒྱུད་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་ཐུབ་པ་དང་དུས་ཐོག་ཏུ་གནས་ཚུལ་སྙན་སེང་ཞུ་བ། འཕྲལ་མར་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱོད་པ་བཅས་བྱེད་དགོས། ཁུལ་ཡོངས་ཀྱི་ལྗོངས་ཁུལ་ཁག་དང་། མང་ཚོགས་རང་བཞིན་གྱི་བྱེད་སྒོ་དང་འབྲེལ་བ་ཡོད་པའི་སྤྱི་པའི་འདུ་གནས་གནས་སྐབས་སྒོ་རྒྱག་རྒྱུ་དང་། ཁུལ་ཡོངས་ཀྱི་རིག་རྩལ་བྱེད་སྒོ་སྣ་ཚོགས་གནས་སྐབས་མེད་པར་བཟོ་བ་དང་། གྲོང་གསེབ་ཀྱི་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་དང་དགའ་སྟོན་རྟེན་འབྲེལ་གྱི་དོན་དག་ཐོ་འགོད་དང་གྲ་སྒྲིག་བྱེད་དགོས་པ་མ་ཟད། དུག་སེལ་སོགས་དགོས་ངེས་ཀྱི་རིམས་འགོག་བྱ་ཐབས་སྤྱད་དེ་གཞི་ཁྱོན་ཚོད་འཛིན་ཡག་པོ་བྱེད་དགོས། གསར་སྤེལ་ཁུལ་སོགས་རང་ཁུལ་གྱི་གཙོ་གནད་འཇུག་སྒོ་དང་འགག་སྒོས་རིམས་ནད་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། གསུམ་ནི་རིམས་ནད་ལ་ཁ་གཏད་གཅོག་པའི་སྔོན་ཇུས་སྔར་བས་འཐུས་ཚང་དུ་བཏང་ནས་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཇུས་གཞི་གཞིར་བཟུང་བཀོད་གཏོང་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་དགོས། གོ་རིམ་ནན་པོ་གཞིར་བཟུང་ཆ་འཕྲིན་གྲངས་གཞི་གོང་ཞུ་དང་ཕྱི་ཕྱོགས་སུ་ཡོངས་བསྒྲགས་ཡག་པོ་བྱེད་དགོས། རིམས་ནད་སྔོན་འགོག་དང་དྲིལ་བསྒྲགས་གང་མགྱོགས་བྱེད་དགོས། སྨན་བཅོས་དངོས་ཟོག་སྣ་ཚོགས་ཉོ་སྒྲུབ་བྱ་རྒྱུར་དམ་འཛིན་བྱས་ཏེ་དངོས་ཟོག་འགན་ལེན་དམིགས་སར་འབྱོར་བ་བྱེད་དགོས། དུས་འགོའི་མཐིལ་རྟོགས་གྲལ་བཤེར་མི་སྣ་བདེ་ཆེན་དུ་ཡོང་བའི་ཡུལ་སྐོར་བའི་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་དང་དོ་དམ་ཚོད་འཛིན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་དང་ཆབས་ཅིག་སྨན་དོན་མི་སྣ་དང་དུད་ཚང་དུ་སྐྱོད་མཁན་ལས་དོན་མི་སྣའི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་དགོས། བཞི་ནས་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་གིས་ནུས་ཆེའི་ངང་འཁོར་སྐྱོད་བྱེད་པ་དང་རྒྱུན་གཏན་གྱི་ལས་རེས་དང་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། དུས་ཐོག་ཏུ་ཕྱོགས་བསྡུས་ཞིབ་བཤེར་བྱས་ནས་གོང་ཞུ་བྱས་པའི་ཆ་འཕྲིན་ལ་ཞིབ་བཤེར་བྱས་ཏེ་གོ་རིམ་གཞིར་བཟུང་ཕྱི་ཕྱོགས་སུ་ཆ་འཕྲིན་ཡོངས་བསྒྲགས་ནན་པོ་བྱེད་དགོས།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།འཇོལ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཝེ་ཏུང་།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཝུའུ་ཞའེ་ཀྲུའུ་ཚོགས་འདུར་ཞུགས་པ།ཁུལ་རིམ་པའི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་ཚོགས་འདུར་ཞུགས་པ།