འཇོལ་རྫོང་ཧོར་གྲོང་ཚོའི་སློབ་ཆེན་སློབ་མ་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-27   རྩོམ་ཁུངས།   

        ཟླ་1པོའི་ཚེས་24་ཉིན་གྱི་གནམ་གང་ཞོགས་པར་འཇོལ་རྫོང་ཧོར་གྲོང་ཚོའི་སློབ་ཆེན་པ་ཚོས་ཉིན་གཅིག་གི་དུས་ཚོད་བེད་སྤྱད་ནས་ཧོར་གྲོང་ཚོའི་གཞུང་ལམ་གྱི་གད་སྙིགས་དང་ཆབ་རོམ་གཙང་སེལ་དང་འགན་ལེན་ལྔའི་ཁྱིམ་ཚང་ལ་སོང་ནས་རྒན་རྒོན་ལ་འཚམས་འདྲི་དང་ཁྱིམ་ལས་ལས་རོགས་བྱེད་པ།  ལེགས་སྐྱེས་གནང་བ་སོགས་ཀྱི་བྱམས་བརྩེ་བསྐྱལ་བའི་བྱེད་སྒོ་སྤེལ་ཡོད།  

        རྒྱུས་ལོན་བྱུང་བ་ལྟར་ན།  སློབ་ཆེན་སློབ་མའི་མཐུན་ཚོགས་འདི་ནི2017ལོའི་ཟླ་5པར་བཙུགས་ཤིང་།  གྲོང་ཚོའི་སློབ་ཆེན་སློབ་མའི་མཐུན་ཚོགས་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པས་ས་གནས་དེ་གའི་སྲིད་གཞུང་དང་།ལས་རིགས་ཁག་གི་རྩ་འཛུགས་དང་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣའི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་ཡོད།  ཧོར་གྲོང་ཚོའི་སློབ་ཆེན་སློབ་མ་རྣམས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་།འགན་འཁྲི་བློ་ལ་བརྟན་པོར་ངེས་པ། འགན་འཁྲི་ཕྲག་ཏུ་འཁུར་ནས་ཧོར་གྲོང་ཚོའི་སློབ་ཆེན་སློབ་མའི་མཐུན་ཚོགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཡོད་པ་རེད།  

སློབ་ཆེན་སློབ་མའི་དཔུང་སྡེ།

ལོ་ལོན་རྒན་པའི་ཁྱིམ་དུ་གད་བདར་བྱེད་པ།


ལམ་ངོས་གཙང་སེལ་བྱེད་བཞིན་པ།

ལོ་ལོན་རྒན་པ་ལ་འཚམས་འདྲི་གནང་བ།