ཆ་ཡིག་བྲིས་ནས་ལོ་སར་ལ་གྲ་སྒྲིག་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཆ་ཡིག་ནི་ལོ་སར་སྐབས་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་ལ། བདེ་ཆེན་ཡང་མི་རིགས་འདྲེས་འདུས་ཀྱི་ས་ཁུལ་ཞིག་ཡིན་པའི་ཆ་ནས་རང་མི་རིགས་ཀྱི་ཡི་གེའི་ཆ་ཡིག་ཉོ་བ་དང་ཆ་ཡིག་འབྲི་བ་ནི་ལོ་སར་གྱི་སྣང་བ་གཞན་ཞིག་ཡིན་པ་རེད། ལོ་སར་ལ་ཉེ་བའི་སྐབས་འདིར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་སོགས་གྱི་ས་གནས་གྲོང་མི་མང་བོས་བོད་ཡིག་གི་རྟེན་འབྲེལ་ཆ་ཡིག་ཉོ་བའི་མཐོ་རླབས་ཤིག་འཕྱུར་ཡོད། འབའ་ལུང་རྫོང་གི་སྲང་བར་ན་ཡང་ས་གནས་དེ་གའི་ལི་སུའུ་རིགས་དང་འཇང་རིགས་སོགས་ཀྱིས་རང་མི་རིགས་ཀྱི་ཡི་གེའི་ལོ་སར་གྱི་ཆ་ཡིག་འབྲི་བ་དང་ཆ་ཡིག་ཉོས་ནས་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་ཡོད་དེ། འདི་ནི་བདེ་ཆེན་ལྟ་བུའི་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དུ་མཐོང་ཐུབ་པའི་ལོ་གསར་གྱི་སྣང་བ་ཞིག་ཡིན་པ་རེད།  



རྣམ་འཇོམས་ཚེ་རིང་གིས་ས་གནས་མང་ཚོགས་ལ་ལོ་གསར་གྱི་ཆ་ཡིག་འབྲི་བཞིན་པ།




འབའ་ལུང་རྫོང་གི་གྲོང་མིས་རང་མི་རིགས་ཀྱི་ཡི་གེའི་ལམ་ནས་ལོ་གསར་གྱི་ཆ་ཡིག་འབྲི་བཞིན་པ།