བདེ་ཆེན་གྱི་ལོ་གསར་དགོང་ཚོགས་བརྙན་ཕབ་ལེགས་འགྲུབ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཕག་ལོ་ཕར་ལ་སྐྱེལ་ནས། བྱི་ལོ་འཛུམ་གྱིས་བསུ། ཟླ་1ཚེས་20ཉིན་2020ལོའི་དཔྱིད་གསར་དུས་ཆེན་བསུ་བ་དང་བོད་ལྕགས་བྱི་ལོའི་ལོ་གསར་གྱི་རིག་རྩལ་དགོང་ཚོགས་སེམས་ཀྱི་ཉི་ཟླ་ཟློས་གར་ཁང་ཆེ་མོར་གཟབ་རྒྱས་ངང་སྤེལ་བ་རེད། 

        དགོང་ཚོགས་ཐོག་ས་གནས་ཀྱི་གཞས་པ་ལ་བློ་བཟང་ཤེས་རབ་ཀྱིས་ལོ་གསར་གྱི་བཀྲ་ཤིས་མཆོད་ཁ་འཕང་བ་དང་མཉམ་དུ་ལོ་གསར་དགོང་ཚོགས་དངོས་སུ་འགོ་བརྩམས་ཤིང་།  སེམས་ཀྱི་ཉི་ཟླ་ཚན་སྡེབ་དང་གངས་ཕྲུག་ཚན་སྡེབ། བཀྲ་ཤིས་གཡང་འཛོམས་སོགས་ས་གནས་སྒྱུ་རྩལ་བ་མང་བོས་སྙན་མོའི་དབྱངས་དང་དགའ་བའི་གར་གྱིས་གནམ་ལོ་གསར་བར་རྟེན་འབྲེལ་དང་ལེགས་སྐྱེས་ཕུལ་བ་རེད། 







        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དགོང་ཚོགས་གླུ་གཞས་འཁྲབ་སྟོན་གཙོ་བོར་བྱེད་ཅིང་། བར་བཅུག་རོལ་དབྱངས་མཉམ་དཀྲོལ་དང་། དེ་མིན་མི་རིགས་ཁག་གི་ཁྱད་ཆོས་ལྡན་པའི་ཞབས་བྲོ་སོགས་ཡོད་དེ།  རིག་རྩལ་གྱི་རྒྱས་སྟོན་ཐེངས་ཤིག་ཡིན་པར་ཐེ་ཚོམ་མེད། བརྙན་ཕབ་བྱས་པའི་རིག་རྩལ་དགོང་ཚོགས་འདི་བོད་ལྕགས་བྱི་ལོའི་ལོ་གསར་གྱི་ཉིན་དེར་བདེ་ཆེན་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་གཏོང་རྒྱུ་ཡིན།