ཞི་ཅིན་ཕིང་གིས་ཡུན་ནན་གྱི་བྱ་བར་རྟོག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-20   རྩོམ་ཁུངས།    ཞིན་ཧྭ་དྲ་བ།

        དཔྱིད་གསར་དུས་ཆེན་ལ་ཉེ་བའི་སྐབས་འདིར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་ཡུན་ནན་ལ་ཡོང་ནས་བྱ་བར་རྟོག་ཞིབ་གནང་ལ།གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཚེས་19ཉིན་གྱི་ཕྱི་དྲོར་ཁོང་ཉིད་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་ཤང་སན་ཅ་གྲོང་ཚོའི་ཀྲུང་ཀྲེ་སི་མོ་གྲོང་ཚོའི་དབའ་རིགས་ཀྱི་གྲོང་མི་རྣམས་ལ་འཚམས་འདྲི་གནང་ལ། གྲོང་མིའི་ཁྱིམ་དུ་སོང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།