ལོ་གསར་རིང་གནད་དོན་འདིར་ཚང་མས་ཡིད་གཟབ་གནང་གལ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-19   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

       

        ལོ་གསར་སྐབས་ཤོག་སྦག་སྤོར་བ་དེ་ཡུལ་སྲོལ་གོམས་གཤིས་ལ་གྱུར་ཟིན་པས་ལོ་གསར་འཆར་རིམ་བཞིན་རྟག་ཏུ་ཤོག་སྦག་སྤར་ནས་དུས་ཆེན་བསུ་བཞིན་ཡོད། འོན་ཀྱང་། ཤོག་སྦག་སྤར་བ་ལས་ཐོན་པའི་ཉེན་ཁར་ཡང་ཀུན་གྱིས་དོ་ཁུར་བྱས་ཏེ། ཤོག་སྦག་སྤོར་རྒྱུ་གཏན་འགོག་བྱེད་པ་དེ་འཕེལ་ཕྱོགས་ཤིག་ལ་གྱུར་ཟིན།

        གཅིག མེ་སྐྱོན་གྱི་ཉེན་ཁ།

        ཤོག་སྦག་སྤར་ན་མེ་འབར་སླ་བས་ཤིང་ཕུང་དང་། ཁང་པ། རླངས་འཁོར་སོགས་ལ་མེ་སྐྱོན་འབྱུང་ཉེན་ཆེ། ཤོག་སྦག་སྤར་བའི་རྐྱེན་གྱིས་མེ་སྐྱོན་དང་། མི་སྣ་འཆི་རྨས། རྒྱུ་ནོར་ལ་གྱོང་གུན་བཟོས་པ་བཅས་ལོ་ལྟར་གསར་འགྱུར་ཐོག་མཐོང་རྒྱུ་ཡོད།

གཉིས། མི་ལུས་ལ་གནོད་འཚེ་བཟོ་བ།

        ཤོག་སྦག་ནི་མ་གཞི་ནས་བདེ་འཇགས་རྐྱེན་ངན་ཆེན་པོ་གནས་པ་ཞིག་ཡིན་པས། ཤོག་སྦག་སྤོར་སྐབས་འབར་གས་འབྱུང་ནས་རྨས་སྐྱོན་ཕོག་ཉེན་ཆེ།  ཉེ་དུས། ཀན་སུའུ་ཏུན་ཧོང་གི་ལོ་བརྒྱད་ལ་སོན་པའི་བྱིས་པ་ཞིག་བཙོག་པ་འབུད་བཤངས་བྱེད་སའི་ས་འོག་ལྕགས་མདོང་འགྲམ་དུ་སླེབས་སྐབས་མེ་སྤར་བའི་ཤོག་སྦག་གཅིག་དེའི་ནང་དབྱུགས་པས་རྫབ་རླངས་འབར་གས་བྱས། འབར་གས་དབང་གིས་ས་འོག་ལྕགས་མདོང་གི་ཁེབས་གཅོད་བྱིས་པ་དེར་ཕོག་པས་རྨས་སྐྱོན་ཚབས་ཆེན་བཟོས། མིག་སྔར། བྱིས་པ་དེ་ནད་ལྕི་ལྟ་སྐྱོང་ཁང་ནང་སྨན་བཅོས་བྱེད་མུས་ཡིན་པ་རེད།

        གསུམ། མཁའ་རླུང་བཙོག་པ་བཟོ་བ། 

        གཅིག་སྡུད་ཐོག་ཤོག་སྦག་སྤར་ཚེ་དུ་བ་མང་པོ་ཐོན་པས་མཁའ་རླུང་ལ་སྦགས་བཙོག་ཚབས་ཆེན་བཟོ་སྲིད་པ་དང་། མཁའ་རླུང་ཁྲོད་ཀྱི་དུ་ཞག་གིས་མི་དང་། སྲོག་ཆགས། རྩི་ཤིང་སོགས་ལ་གནོད་འཚེ་བཟོ་གི་ཡོད།

ཤོག་སྦག་སྤར་བ་ལས་བཟོས་པའི་ཉེན་ཁར་སྣང་ཆུང་རྩ་བ་ཉིད་ནས་བྱེད་མི་ཉན། ཚང་མས་ཤོག་སྦག་ཉུང་ཙམ་སྤར་བ་དང་། དུས་ཆེན་སྐབས་སྤྲོ་སྐྱིད་རོལ་རྩེད་མང་དུ་བཏང་སྟེ། རིམ་བཞིན་བདེ་ཐང་དང་སྣ་མང་ཕུན་སུམ་ཚོགས་པའི་དུས་ཆེན་གྱི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ།