སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དཔྱིད་གསར་སྐྱེལ་འདྲེན་གྱི་ཞབས་ཞུ་འགན་ལེན་ལས་དོན་ཡག་པོར་བསྒྲུབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་1པོའི་ཚེས་10ཉིན་ནི་2020ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོ་ཡིན་ཞིང་། སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་ས་ཚིགས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རྒྱུན་ལྡན་དང་བསྡུར་ན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། འགྲུལ་པ་མི་ཉུང་བ་ཞིག་གིས་ལམ་ཆས་ཆེ་ཆུང་སྣ་ཚོགས་འཁྱེར་ནས་ཁྱིམ་དུ་ལོག་པའི་ལམ་བར་དུ་སྐྱོད་བཞིན་ཡོད།  

        དཔྱིད་གསར་སྐྱེལ་འདྲེན་རིང་།              འགྲུལ་པས་སྤ་སེ་ཉོ་བའི་དགོས་མཁོ་གཞིར་བཟུང་། སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་ས་ཚིགས་ཀྱིས་སྤ་སེ་འཚོང་སའི་སྐར་ཁུང་འདང་ངེས་ཤིག་ཕྱེ་བ་ཕུད། དེ་སྔ་རང་འགུལ་སྤ་སེ་འཚོང་སའི་འཕྲུལ་འཁོར་2སྒྲིག་སྦྱོར་བྱས་པའི་རྨང་གཞིའི་ཐོག་སླར་ཡང་འཕྲུལ་ཆས་1མང་དུ་བཏང་བ་དང་། འགྲུལ་པས་དྲ་རྒྱ་དང་། ལག་ཐོགས་ཁ་པར། རང་འགུལ་སྤ་སེ་འཚོང་སའི་འཕྲུལ་འཁོར་བཅས་བརྒྱུད་ནས་དུས་གཏན་ལམ་ཐིག་གི་ཆ་འཕྲིན་འདྲི་རྩད་དང་མེ་འཁོར་སྤ་སེ་ཉོ་ཆོག་པས་འགྲུལ་པར་སྟབས་བདེ་སྐྲུན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཆེན་སྔོན་གྱི་འགྲུལ་བ་གཙོ་བོ་ནི་སློབ་མ་དང་། ལས་མི། གཉེན་ཉེ་ཐུག་པར་འགྲོ་བའི་མི་སོགས་ཡིན་པ་དང་།   དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པའི་ཉིན་དེའི་འགྲུལ་པ་ནི་ན་ནིང་གི་དུས་མཚུངས་ལས་10%འཕར་བ་དང་།   དཔྱིད་གསར་སྐྱེལ་འདྲེན་མང་ཤོས་ཀྱི་ཉིན་དེ་སྔོན་དཔག་བྱས་ན་དཔྱིད་གསར་དུས་ཆེན་གོང་གི་ཉིན་10ནང་ཐོན་རྒྱུ་ཡིན་པ་རེད།  དཔྱིད་གསར་སྐྱེལ་འདྲེན་གྱི་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་གཏོང་ཆེད། སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་ས་ཚིགས་ཀྱིས་རྒྱུན་གཏན་གྱི་འགྲུལ་སྐྱེལ་བྱེད་ཐེངས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་འཕྲལ་སྡོམ་རླངས་འཁོར་20བཀོད་སྒྲིག་བྱས་ནས་བཀའ་སྒུག་བཞིན་ཡོད། དཔྱིད་གསར་སྐྱེལ་འདྲེན་རིང་ས་ཚིགས་དེའི་དུས་གཏན་འགྲུལ་སྐྱེལ་མཐའ་མ་དེ་ཚེས་30ཉིན་གྱི་ཉིན་གུང་ཆུ་ཚོད་12བར་ཡིན་པ་དང་། ལོ་སར་ཚེས་གསུམ་ནས་ལམ་ཐིག་གཙོ་བོའི་འགྲུལ་སྐྱེལ་ལན་གྲངས་སླར་གསོ་བྱ་རྒྱུ་ཡིན་ལ།དུས་ཚོད་གཞན་དག་ནང་འགྲུལ་པ་འགྲོ་འོང་གི་དུས་ཚོད་དང་རྒྱུག་ཚད་ལ་གཞིགས་ནས་གཏོང་ཐེངས་མང་དུ་བཏང་སྟེ་འགྲུལ་པ་དུས་ཐོག་ཏུ་རླངས་འཁོར་ལ་བསྡད་ནས་ཕྱིར་སྐྱོད་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་པ་རེད།

        གཞན་ཡང་།  ཟླ1པོའི་ཚེས10ཉིན་ནས་བཟུང་།  2020ལོའི་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་པ་དང་། བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་དམངས་སྤྱོད་མཁའ་འགྲུལ་ཅུས་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གི་དོན་དངོས་ལ་གཞིགས་ནས། དཔྱིད་གསར་སྐྱེལ་འདྲེན་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་བཙུགས་ཏེ་སྔ་ཙམ་སྐུལ་སློང་དང་།  སྔ་ཙམ་གྲ་སྒྲིག  སྔ་ཙམ་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་བདེ་འཇགས་དོ་དམ་རྒྱུན་མཐུད་དང་། འཁོར་སྐྱོད་ལས་ཕྱོད་ཆེ་རུ་གཏོང་བ།    བརྩེ་སེམས་ངོ་མའི་ཞབས་ཞུ་ལག་བསྟར་དང་འཕྲལ་སྡོམ་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་དཔྱིད་གསར་སྐྱེལ་འདྲེན་འགན་ལེན་གྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད། 

        གནམ་གྲུ་ཐང་གིས་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་ཡོང་སྔ་བ་དང་། སློབ་མ་དང་ལས་མི་མང་པ། འགྲུལ་པ་རྒྱུག་ཚད་ཆེ་བ་སོགས་ཀྱི་ཁྱད་ཆོས་དང་། གནམ་གྲུ་ཐང་འདིར་རླུང་ཆེན་གྱི་གནམ་གཤིས་མང་བ་དང་། མཁའ་ཟོན་གྱི་གནོན་ཤུགས་ཆེ་བ། དྲོད་ཚད་དམའ་བ། གངས་འཁྱག་གི་གནམ་གཤིས་མང་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། སྒྲིག་འཛུགས་ནན་པོ་དང་འགན་ལེན་གྱི་བརྒྱུད་རིམ་ཁག་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་འཕྲལ་སྡོམ་སྔོན་ཇུས་སྣ་ཚོགས་ཞིབ་ཚགས་སུ་བཏང་བ་རེད།  དཔྱིད་གསར་སྐྱེལ་འདྲེན་རིང་དྲོད་ཚད་དམའ་བ་དང་གངས་འཁྱག་སོགས་གནམ་གཤིས་ངན་པས་དུས་གཏན་གནམ་གྲུ་ནར་འགྱངས་དང་ཕྱིར་ལོག་སོགས་ཀྱི་གནས་ཚུལ་ཐོན་སླ་བ་རེད། གནས་ཚུལ་འདིར་དམིགས་ནས་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་འཕྲལ་སྡོམ་སྔོན་ཇུས་བྱས་པ་དང་།  སྔོན་ཇུས་ཚོད་སྐོར་ལ་ཤུགས་སྣོན་རྒྱག་པ། གསོ་སྦྱོང་ནང་སྦྱོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཐོལ་བྱུང་གནས་ཚུལ་སྣ་ཚོགས་སྔོན་འགོག་དང་ཐག་གཅོད་ཡག་པོ་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད།