འཇོལ་རྫོང་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་བྱེད་སྒོ་ལྟེ་གནས་ཀྱིས་སྤྱི་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    འཇོལ་རྫོང་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་བྱེད་སྒོ་ལྟེ་གནས་ཀྱིས་སློབ་གྲྭའི་དགུན་གསེང་དང་བསྟུན་ནས་སྤྱི་ཕན་རིན་མེད་སྤྲོ་སྣང་འཛིན་གྲྭ་གྲོང་གསེབ་ཏུ་སྐྱོད་ཅེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོར་ཀོང་རྩེད་ར་གྲོང་རྡལ་དང་ཐང་སྟེང་ཤང་དུ་བསྐྱོད་དེ་ལན་ཆིའུ་སྤོ་ལོ་དང་། ཡིག་གཟུགས། མཛེས་རྩལ། ཞབས་བྲོ་སོགས་སློབ་ཕྱིའི་སྤྲོ་སྣང་འཛིན་གྲྭ་གཉེར་བར་ཁྱིམ་བདག་དང་ཕྲུ་གུ་ཚོའི་དགའ་བསུ་ཐོབ་ལ།  བྱེད་སྒོའི་ནང་སྔ་རྗེས་སུ་མི་ཐེངས་800ལྷག་ཙམ་ཞུགས་པ་རེད།