ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ལས་བྱེད་པས་དབུལ་ཕོངས་དུད་ཚང་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་སྔོན།  ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ལས་བྱེད་པས་དབུལ་སྐྱོར་ས་གནས་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་བྱེ་མ་ཁ་གྲོང་མི་ཚོ་ཆུང་དུ་ཟབ་འཇུག་བྱས་ནས་དབུལ་ཕོངས་དུད་ཚང་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱས་ཏེ།  དུད་ཚང་རེར་ཟིན་དུས་འཚམས་འདྲི་ཚོ་ཆུང་གིས་དབུལ་ཕོངས་དུད་ཚང་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་གནས་ཚུལ་ཞིབ་ཚགས་དྲིས་པ་མ་ཟད། ཁོ་ཚོ་ལ་མལ་ཆས་དང་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་ཉིན་མཁོའི་དངོས་རྫས་སོགས་སྦྱིན་པ་རེད།