རང་ཁུལ་གྱི་ ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན། གསར་འགོད་པས་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཕྱི་འབྲེལ་ལས་དོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན།  2019ལོར། གཞུང་ལས་ཁང་དེས་འགྲོ་འོང་སྟེགས་བུ་སྐྲུན་པར་དམིགས་ནས་ཧུར་ཐག་སྒོས་སྤེལ་རེས་ལམ་བུ་རྒྱ་སྐྱེད་བྱས་ཏེ་ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོན། 

    ངོ་བཅར་སྣེ་ལེན་དང་དྲིལ་བསྒྲགས་ལས་ཀ་ཡག་པོ་སྒྲུབ་སྟེ། གཞུང་ལས་ཁང་དེས་རང་རྟོགས་སྒོས་རྒྱལ་ཁབ་ཀྱི་དར་འཕེལ་འཐབ་ཇུས་གལ་ཆེན་ནང་འདྲེས་པར་བྱས་པ་དང་། ཁུལ་ཡོངས་ཀྱི་ཕྱི་འབྲེལ་སྤེལ་རེས་བྱེད་སྒོ་ཁག་གཅིག་གྱུར་འཆར་འགོད་བྱས་པ།  ལོ་ཧྲིལ་པོར་ཨ་རིའི་རྒྱལ་ཚོགས་ལས་རོགས་ཚོགས་པ་དང་འབར་མ་ཆིན་པང་འཐུས་ཚབ་ཚོགས་པ། ཧྲང་ཧའེ་ཕྱི་རྒྱལ་གྱི་གསར་འགོད་པའི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་ཁོངས་མིའི་ཚན་པ་སོགས་རང་ཁུལ་དུ་རྟོག་ཞིབ་ཕེབས་པའི་སྣེ་ལེན་ལས་འགན་སྒྲུབ།  དུས་མཚུངས་སུ་རང་ཁུལ་གྱི་ཕྱི་འབྲེལ་འཐབ་ཇུས་ཀྱི་དགོས་མཁོ་ལྟར་ཧུར་ཐག་ངང་རྒྱལ་ཁབ་བདུན་གྱི་ཁུན་མིང་དུ་བཅའ་སྡོད་བྱས་པའི་དཔྱིད་གསར་དུས་ཆེན་བསུ་བའི་མཐུན་འབྲེལ་བྱེད་སྒོ་དང་སྐབས་གཉིས་པའི་ཀྲུང་གོའི་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་བྱེད་སྒོར་ཞུགས་ནས་སྔར་ལས་ལྷག་པར་རང་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ཡུལ་སྐོར་འོས་སྦྱོར་སོགས་ཀྱི་ལས་ཀ་ལ་སྐུལ་འདེད་གཏོང་བ་རེད།

    ཕྱི་རུ་འཚམས་འདྲི་བྱེད་པར་འགྲོ་བའི་འགོ་ཁྲིད་ཀྱི་ལས་ཀ་ནན་ཏན་དང་ཞིབ་ཚགས་ལེགས་པར་སྒྲུབ་སྟེ། རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱི་རུ་འཚམས་འདྲི་བྱེད་པར་འགྲོ་བའི་འཆར་གཞི་ནན་ཏན་བཀོད། གོ་རིམ་དང་ཚད་ལྡན་ལྟར་ཡིག་ཐོག་སྙན་ཞུ་བྱས་པ། 2019ལོར། ཞིང་ཆེན་ཕྱི་འབྲེལ་གཞུང་དོན་ཁང་ལ་ཐིང་རིམ་པའི་འགོ་ཁྲིད་གཞུང་དོན་དུ་ཕྱི་རུ་འགྲོ་བའི་འཆར་གཞི་འགན་འཁྲི་8ཡིག་ཐོག་སྙན་ཞུ་བྱས་ནས་ཆོག་མཆན་ཐོབ་པ་དང་།  དུས་མཚུངས་སུ་ལོ་མཇུག་ཏུ་2020ལོའི་གཞུང་དོན་དུ་ཕྱི་རུ་འགྲོ་བའི་འཆར་གཞི་ལས་འགན་ཁག་11གོང་དུ་ཞུ་བ་རེད།

    སྤེལ་རེས་ཀྱི་སྟེགས་བུ་རྒྱ་སྐྱེད་བྱས་པ་དང་ཕྱོགས་ཡོངས་ནས་ཕྱི་ཕྱོགས་དང་མཛའ་མཐུན་འགྲོ་འོང་བྱེད་པའི་རྣམ་པ་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་བ། སྡེ་ཚན་དང་ཁེ་ལས་དག་ཞིང་ཆེན་རིམ་པས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ངོ་བོའི་རང་བཞིན་ལྡན་པའི་ཕྱི་རྒྱལ་དུ་འཚམས་འདྲིར་སྐྱོད་པའི་བྱེད་སྒོར་ཞུགས་བ་ལ་རྒྱབ་སྐྱོར་བྱས་པ།         2019ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་གཞུང་དོན་དུ་ཕྱི་རྒྱལ་ལ་(མཚམས་)གཉིས་བརྒལ་ཚོགས་པ་དང་ཞིང་ཆེན་གྱིས་ཚོགས་པ་སྒྲིག་འཛུགས་བྱེད་པའི་འབྲེལ་ཡོད་བསམ་འཆར་19འདོན་པ། འཇར་མན་དང་ཨ་རི། ཨོ་སི་ཁྲུ་ལི་ཡ་སོགས་ས་གནས་སུ་སྤེལ་རེས་དང་སློབ་སྦྱོང་། གསོ་སྐྱོང་སྦྱོང་བརྡར་སོགས་བྱེད་པར་འགྲོ་བ། ཚོགས་པར་ཞུགས་པའི་འགོ་ཁྲིད་དག་གིས་ཕྱིར་ཡོད་དུས་ཡུན་ནན་བདེ་ཆེན་བོད་ཁུལ་གྱི་དཔལ་འབྱོར་དར་འཕེལ་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་ཞི་དུལ། མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པར་ཡག་པོ་མངོན་ཡོད་པ་མ་ཟད། དུས་མཚུངས་སུ་རྒྱལ་ཕྱིའི་སྔོན་ཐོན་གྱི་ཉམས་མྱོང་ལག་རྩལ་དང་དོ་དམ་འདུ་ཤེས་དཔྱད་གཞིར་འཛིན་པ་དང་རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས། རང་ཁུལ་གྱི་རིག་གནས་དང་ཕྱི་འབྲེལ། ཁྲིམས་འཛིན་སོགས་ཀྱི་ལས་ཀ་ལ་སྔར་ལས་ལྷག་པར་དར་འཕེལ་བྱུང་བ་དང་འཐུས་ཚང་དུ་གཏོང་བ་ལ་བསམ་ཚུལ་གསར་པ་དང་བསམ་ཕྱོགས་གསར་པ་འདོན་པ། ཕྱི་རུ་འཚམས་འདྲི་བྱེད་པར་འགྲོ་བ་ལ་དོན་དངོས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།