ཞིང་ཆེན་ཡོངས་ཀྱི་ནག་ཚོགས་གཙང་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་10ཉིན་ཞིང་ཆེན་ཡོངས་ཀྱི་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོ་ཆུང་གི་2020ལོའི་ཚོགས་འདུ་ཐེངས་དང་པོ་དེ་ཁུན་མིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཨུའི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་རང་ཞིང་གི་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་ལོ་གཉིས་རིང་གི་ལས་ཀའི་ཕན་འབྲས་ཕྱོགས་སྡོམ་དང་། མདུན་དུ་ལྷགས་པའི་དུས་བབ་ལ་དབྱེ་ཞིབ་བྱས་ནས་ད་ལོའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད། 

    ཚོགས་འདུས་བསྟན་དོན།  ནག་ཚོགས་སྟོབས་ཤུགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། དུས་ཡུན་ལོ་གསུམ་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས། དུས་བབ་དང་ལས་འགན་ཁོང་དུ་ཆུད་པར་བྱེད་དགོས་ལ། ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་གསར་པ་ལེན་དགོས།            

    ཀའོ་གོ་ཁྲེང་དང་། ཝང་ཡུན་སུང་སོཊ་བདེ་ཆེན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད།