བདེ་ཆེན་ཁུལ་གྱི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་10ཉིན་གྱི་ཕྱི་དྲོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཁུལ་ཨུའི་སྙན་ཞུ་ཁང་དུ་འགོ་ཚུགས་པ་རེད། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་  དང་ཡུན་ནན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ནོར་བུ་གཡང་འཛོམས་ཚོགས་འདུར་ཞུགས་པ་རེད། 

ཝང་དབྱི་ཀྲིས་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་ལོ་ལྔའི་རིང་གི་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། 

    ཝང་དབྱི་ཀྲི་ཡིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་པ་དང་། རང་ངོས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་སློབ་སྦྱོང་ཧུར་ཐག་དང་འཇོན་ཐང་ཆེ་རུ་གཏོང་དགོས། དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་དར་སྤེལ་དང་སྲོལ་གསར་གཏོད་དགོས་པའི་ནན་བཤད་གནང་། ཚོགས་འདུའི་ཐོག་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས《འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་སེམས་པ་ཏང་ལ་ཕྱོགས་པ་དང་། བུད་མེད་ཚོས་དུས་རབས་གསར་པར་མདུན་སྐྱོད་བྱེད་པ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བདེ་ཆེན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས》ཞེས་པ འི་ལས་དོན་སྙན་ཞུ་ཕུལ་རེད། ནོར་བུ་གཡང་འཛོམས་ཀྱིས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། ཚོགས་ཞུགས་འཐུས་མི་དང་དེ་བཞིན་ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ལ་འཚམས་འདྲི་ཞུས། བདེ་ཆེན་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོ་མོས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཏང་ཨུས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། ཕྱོགས་ཁག་ཚང་མ་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་དང་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཅེས་བསྟན།  ཁོ་མོའི་རེ་བར་བདེ་ཆེན་ཁུལ་གྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བུད་མེད་ཚོས་སྤྱི་ཡོངས་བློ་ལ་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་ལག་ལེན་གསར་པ་དང་། གསར་གཏོད་གསར་པ། གྲུབ་འབྲས་གསར་པ་བཅས་ལ་བརྟེན་ནས་བདེ་ཆེན་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཅེས་བསྟན། 

    དུས་ཐོག་ཏུ་ལས་ཁུངས་ནང་སྡོད་པའི་ཁུལ་ཨུའི་རྒྱུན་ཨུ་དང་།   ཁུལ་དམངས་ཆེན།  ཁུལ་སྲིད་གཞུང་བཅས་ཀྱི་ཐིང་རིམ་པ་ཡིན་གྱི་འགོ་ཁྲིད་དང་།  རང་ཁུལ་གྱི་འགོ་ཁྲིད་རྒན་གྲས་ཁག་གཅིག སྐབས་རིམ་བྱུང་གི་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཁུལ་རིམ་པའི་ཁྲུའུ་རིམ་པ་ཡན་གྱི་བུད་མེད་འགོ་ཁྲིད་ལས་བྱེད་པ། དེ་བཞིན་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་ཁུལ་ཡོངས་ཀྱི་བུད་མེད་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།